Thursday, November 27, 2014

གདན་དུས་ཐུན་མོངས་ཀྱི་རྩིས་གཞུང་ལྷན་ཐབས།

༄༅།      །གདན་དུས་ཐུན་མོང་གི་དུས་རྩིས་གཞུང་བལྟས་ཆོག་དཔྱོད་ལྡན་རིག་པ་ཞེས་བྱ་བ་བཞུགས་སོ།།
༄༅། །ན་མ་ཤྲཱི་ཀཱ་ལ་ཙཀྲ་ཡེ། །དུས་གསུམ་དུས་མེད་ཆོས་ཀྱི་སྐུ། །དུས་རྣམས་མི་འགག་ལོངས་སྤྱོད་རྫོགས། །དུས་གསལ་མི་གནས་སྤྲུལ་པའི་སྐུ། །དབྱེར་མེད་ངོ་བོ་ཉིད་བསྐུར་འདུད། །ལོ་གཅིག་དུས་རྩིས་འགྱུར་མེད་འཕྲུལ། །ལོ་གཅིག་ཁྱིམ་ཞག་གཙོ་བའི་ཕྱིར། །ཉི་ཚེས་དེ་ཡི་འོག་དུ་འདུ། །གདན་དུས་རྩིས་གཞི་འདི་ཉིད་ཀྱིས། །དབང་དུ་བྱས་ནས་འཕྲུལ་མེད་བཀོད།།

དུས་ཀྱི་འཁོར་ལོའི་འཆད་ཐབས།

༄༅།   །དུས་ཀྱི་འཁོར་ལོའི་འཆད་ཐབས་ཀྱི་ཟིན་བྲིས་ལེགས་བཤད་གསལ་བའི་མེ་ལོང་ཞེས་བྱ་བ་བཞུངས་སོ།།
རྩོམ་པ་པོ། མཁས་གྲུབ་ལྷ་དབང་བློ་གྲོས།
༄༅།   །ཤཱཀྱ་སེང་གེས་དཔལ་ལྡན་འབྲས་སྤུངས་སུ། གཞུང་ལུགས་ཅི་བསྟན་ཤམ་བྷ་ལར་རྒྱས་མཛད། 
ཆོས་རྒྱལ་རིགས་ལྡན་རྣམས་དང་དུས་འཁོར་བ། རྒྱ་བལ་བོད་དུ་བྱོན་པ་ཀུན་ལ་འདུད། 
དེ་ཡང་དཔལ་དུས་ཀྱི་འཁོར་ལོ་འཆད་ཐབས་བླ་མའི་མན་ངག །རྗེ་ཐམས་ཅད་མཁྱེན་པ་པདྨ་དཀར་པོའི་གསུང་ཟིན་བྲིས་སུ་བཏབ་པ་ནི། འདིར་གང་བཤད་པར་བྱ་ན་དཔལ་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད། གང་གིས་བཤད་པར་བྱེད་པ་ནི་བསྡུས་པའི་རྒྱུད།