Thursday, May 5, 2016

རྣམ་འཇོམས་མའི་བྱབ་ཁྲུས།

རྣམ་འཇོམས་མའི་བྱབ་ཁྲུས་ཉེས་པ་ཀུན་སེལ་ཞེས་བྱ་བ་བཞུགས་སོ།།   །།
༈ མཐུ་སྟོབས་རྡོ་རྗེ་དྲན་ཙམ་གྱིས། །གྲིབ་དང་ནད་གདོན་རྣམ་རྟོག་ཀུན། སྐད་ཅིག་ཉིད་ལ་འཇོམས་མཛད་པའི། །རྡོ་རྗེ་ཅན་ཞབས་པད་ལ་འདུད།། ཅེས་ལྷག་པའི་ལྷ་ལ་མཆོད་པར་བརྗོད་ནས། འདིར་གང་ལས་སུ་བྱ་བ་ནི། སྐྱེ་བོ་མཆོག་དམན་ཡོངས་ལ་ཕན་གདགས་པའི་སླད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ཀྱི་སྒོ་ནས་བཀྲུ་བྱབ་བསྲུང་གསུམ་བྱ་བར་ འདོད་པས། ཐོག་མར་བུམ་པ་ཚད་ལྡན་ལ་རྒྱུན་བབ་ཀྱི་ཆུ་གཙང་བླུགས། ལྔ་ཚན་ལྔའི་བུམ་རྫས་བཏབ། རྨ་བྱའི་སྒྲོའི་ཆུན་པོོས་ཁ་བརྒྱན་ཅིང་དར་གྱིས་མགུལ་འཆིང་བཅས་བཀོད། འབུལ་གཏོར་དང་ཆ་གསུམ་བདག་བུམ་གཉིས་ཀྱི་མཆོད་པ་བདུན་ཚར་བཅས་བཤམས། རང་གི་མདུན་དུ་རྡོར་དྲིལ་གུ་ཡུངས་འཐོར་འབྲུ་བཅས་འདུ་བྱས་པའི་མཐར། རང་ཉིད་བདེ་བའི་གདན་ལ་བཞུགས་ནས། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།།

གསེར་སྐྱེམས།


༈ ཐོག་མར་སྐྱབས་གནས་མ་ནམ་བཞི་སྐོར་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།།