གཤིན་གྱི་ཕྱོགས་འདོན་རྡེའུ་བཅུ་བདུན་མ་བཞུགས་སོ།།
དེ་ཡང་ ༡༽ ཐོག་མར་ལོ་ཟླ་ཞག་དུས་བཞིའི་རྡེའུ་བཞི། ༢༽ དེ་བཞིན་ཧལ་ཁྱིའི་རྡེའུ་བཞི། ༣༽ བླ་མཁྱེན་གྱི་རྡེའུ་བཞི། ༤༽ ཟིན་ཕུང་དྲུག་འགྲས་ཀྱི་རྡེའུ་གཅིག། ༥༽ ས་བདག་འཕར་བ་མགོ་དགུའི་རྡེའུ་གཅིག། ༦༽ གཤིན་ལོའི་ཐོག་རྡེའུ་གཅིག། གསོན་ལོའི་ཐོག་རྡེའུ་གཅིག། གཤིན་ལོའི་སྲོག་གི་དགྲ་ཕྱོགས་སུ་རྡེའུ་གཅིག་བཅས་བཅུ་བདུན་ནོ།།
༡ |
༢ |
༣ |
༤ |
༥ |
༦ |
༧ |
༨ |
༩ |
༡༠ |
༡༡ |
༡༢ |
༡༣ |
༡༤ |
༡༥ |
༡༦ |
༡༧ |
གནམ་ལོའི་ ལོ་ཟླ་ཞག་དུས་བཞི། |
ཧལ་ཁྱིའི་ ལོ་ཟླ་ཞག་དུས་བཞི། |
བླ་མཁྱེན་གྱི་ ལོ་ཟླ་ཞག་དུས་བཞི། |
ཟིན་ཕུང་ |
འཕར་བ་མགོ་དགུ |
གཤིན་ལོ། |
གསོན་ལོ། |
གཤིན་དགྲ། |
|||||||||
ལོ། |
ཟླ། |
ཞག |
དུས། |
ལོ། |
ཟླ། |
ཞག |
དུས། |
ལོ། |
ཟླ། |
ཞག |
དུས། |
ལོ། |
|
|
|
|
|
|
|
|
|
|
|
|
|
|
|
|
|
|
|
|
|
དང་པོ་ གནམ་ལོ་གང་ཡིན་གྱི་ཐོག་ཏུ་རྡེའུ་གཅིག་བཞག། དེ་ཡང་གནམ་ལོ་ཤིང་བྱི་ལྟ་བུ་ལ་དཔེར་མཚོན་ན།
གནམ་ལོ་ཤིང་བྱིའི་སྟེང་དུ་རྡེའུ་གཅིག་བཞག་རྒྱུ་ཡིན། དེ་བཞིན་ཟླ་ཞག་དུས་ཚོད་གསུམ་པོའང་དེས་རིགས་བསྒྲེས།
གཉིས་པ་ལོ་ཟླ་ཞག་དུས་ཀྱི་ཧལ་ཁྱི་བཞི་ལས་།
དང་པོ་ལོའི་ཧལ་ཁྱི་ནི། ས་བདག་ཁང་བུ་ལས།
སྔ་ལོའི་རླུང་རྟ་དག་གི་སྟེང་། །གདུག་པ་ཅན་གྱི་ལོ་བཞིར་དབང་། །ཞག་ན་ཉེར་གཉིས་ཉེར་གཉིས་ན།
།མ་བུ་གཉིས་གཉིས་བསྐྱ་བས་ན། །ཞག་ནི་བརྒྱ་དང་བཅུ་ཐམ་པར། །འབྲུག་གི་སྒྲ་བཅས་སྐྱས་བཞུག་རྫོགས།།
ཞེས་གསུངས་པ་ལྟར། དེ་ཡང་གནམ་ལོ་བྱི་བ་ལྟ་བུར་མཚོན་ན། སྔ་མའི་གནམ་ལོའི་ཀླུང་རྟའི་སྟེང་ངམ། ཡང་ན། བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་།
ཤིང་བུ་མེ་ཞེས་ཧལ་ཁྱི་ལྷོ་སྟོད་སྦྲུལ་གྱི་ཐོག་ཏུ་གནས་པ་ལྟ་བུ། ཀླུང་རྟའི་བུ་འདེད་ཀྱི་ར་བའི་ཐོག་ཏུ་གནམ་ལོའི་ཧལ་ཁྱིའི་རྡེའུ་གཅིག་བཞག་རྒྱུ་ཡིན།
སྐབས་འགར་གནམ་ལོ་ཕག་ལུག་ཡོས་གསུམ་ལྟ་བུ་ལ།
ཕག་ལུག་ཡོས་གསུམ་རླུང་སྦྲུལ་མེ། མེ་བུ་ས། འབྱུང་བ་ས་ཡི་ཀླུང་རྟ་མེད། ས་བུ་ལྕགས་ཞེས་ནུབ་སྟོད་སྤྲེལ་གྱི་ཐོག་ཏུ་གནས་པ་ལྟ་བུའོ།།
ས་བདག་ཁང་བུ་ལས། འདི་ཡི་སྟེང་དུ་རོ་བཏང་ན། །མི་རོ་བཅུ་གསུམ་བསྟུད་མར་འོང་།
།ཀོ་ལོང་ཕྱི་ནང་ལས་བྱེད་མིར། །ཁྱད་པར་རོ་དང་ཁྱི་བཏང་ན། །རོ་འཁུར་རོ་བདག་རྩིས་མཁན་དང་།
།རབས་ཆད་ཕོ་མོ་ཡུགས་སར་སྡོམ།། ཞེས་སོ།།
གཉིས་པ་ཟླ་བའི་ཧལ་ཁྱི་ནི། ཁང་བུ་ལས། ལོ་བཞིན་སྔ་སོང་ཟླ་ཀླུང་སྟེང་། །མཁར་ལས་རོ་དང་གཤིན་ལས་ངན། །ཀོ་ལོང་བག་མ་སྒོ་ཁྱི་དང་།
།ཁྱད་པར་རོ་འཁུར་བ་ལ་སྡོམ།། ཞེས་པ་ལྟར་། སྔར་སོང་ཟླ་བ་དེའི་ཀླུང་རྟའི་སྟེང་ངམ་།
ཡང་ན་གོང་དུ་བསྟན་པ་ལྟར། སྟག་གི་ཟླ་བ་ལྟ་བུ་ཞིག་ལ་མཚོན་ན། སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ལྕགས།
ལྕག་བུ་ཆུ་ཞེས་བྱང་སྟོད་ཕག་གི་སྟེང་དུ་ ཟླ་བའི་ཧལ་ཁྱི་གནས་པ་དེས་བསྒྲེས། དེའི་སྟེང་རྡེའུ་གཅིག་བཞག།
གསུམ་པ་ཞག་དང་དུས་ཚོད་ཀྱི་ཧལ་ཁྱི་ནི། གོང་དུ་ལོ་ཟླའི་སྐབས་བཞིན་ཞག་དུས་སྔ་མའི་ཀླུང་རྟའི་སྟེང་གནས་པས་
རྡེའུ་རེ་བཞག་པ་གོང་མའི་ཞལ་རྒྱུན་ལས་ཐོས་ཀྱང་། ས་བདག་ཁང་བུར་དངོས་སུ་མ་གསུངས་པས་མཁས་པ་རྣམས་ཀྱིས་དཔྱད་པར་བྱའོ།།
གསུམ་པ་བླ་མཁྱེན་བཞི་ལས།
དང་པོ་ལོའི་བླ་མཁྱེན་ནི། ཁང་བུ་ལས། སེ་བ་བླ་མཁྱེན་རྩིས་མཁན་ནི།
།གཡོན་བསྐོར་གནམ་ལོའི་བདུན་ཟུར་འགྲིམ། །ཞག་ནི་བཅུ་གཉིས་གོང་ན་བསྐྱ། །ཁྲོམ་དང་མཁས་ལས་ས་འཚོལ་སོགས།
།ཀོ་ལོང་རྩིས་མཁན་དོ་བདག་དང་། །རྡོ་རྗེ་སློབ་དཔོན་དག་ལ་སྡོམ།། ཞེས་སོ།། དེའང་དཔེར་ན།
གནམ་ལོ་ཤིང་བྱི་ལྟ་བུ་ལ་མཚོན་ན། བྱི་རྟ་བདུན་ཟེར་ཞེས་ གནམ་ལོ་བྱི་བའི་ཚེ། བླ་མཁྱེན་ལྷོ་སྨད་རྟའི་ཐོག་ཏུ་གནས་པ་ལྟ་བུའོ།།
གཉིས་པ་ཟླ་བའི་བླ་མཁྱེན་ནི། ཟླ་བ་ཕོ་ཤར་གཤེད་བཞི་འོག། མོ་ཤར་གོང་གི་གཤེད་བཞི་འགྲིམ། །ཉམས་བཅོས་ཀོ་ལོང་ལོ་བཞིན་ནོ།།
ཞེས་གསུངས་པ་ལྟར། ཕོ་ཟླ་མར་གྱི་བཞི་གཤེད་ལུགས་འབྱུང་དང་། །མོ་ཟླར་ཡར་གི་བཞི་གཤེད་ལུགས་ལྡོག་ཡིན་ཏེ།
དཔེར་ན། ཕོ་ཟླ་སྟག་གི་ཚེ་བླ་མཁྱེན་མར་གྱི་བཞེད་ལྷོ་སྟོད་སྦྲུལ་གྱི་སྟེང་དུ་གནས་པ་དང་།
མོ་ཟླ་ཡོས་ཀྱི་ཚེ་བླ་མཁྱེན་ཡར་གྱི་བཞི་གཤེད་བྱི་བའི་སྟེང་དུ་གནས་པ་བཞིན་ནོ།། ཁ་ཅིག་ཏུ་དེ་སྟེང་རོ་སོང་ན་དཔྱད་མཁན་གྱི་ཆུང་མར་ངན་པར་གསུངས།།
གསུམ་པ་ཞག་གི་བླ་མཁྱེན་ནི། ཞག་དེའི་བདུན་དམར་ཕྱོགས་སུ་གནས། །དཔེར་ན་ཤིང་བྱི་ཐོག་མ་ལ། །ལྷོ་ནུབ་ཕྱོགས་ན་བླ་མཁྱེན་གནས།།
ཞེས་གསུངས་པ་ལྟར། ཞག་སྨེ་གང་ཡིན། དེའི་བདུན་དམར་གནས་པའི་ཕྱོགས་སུ་རྡེའུ་གཅིག་བཞག་རྒྱུ་ཡིན།
ཁ་གཅིག་གིས་ཉམས་ན་དཔྱད་མཁན་གྱི་བུ་ཚར་ངན་པར་གསུངས།
བཞི་པ་དུས་ཚོད་བླ་མཁྱེན་ནི། དུས་ཚོད་བླ་མཁྱེན་དུས་ལོ་ཡི།
།མཐུན་གསུམ་ཀླུང་རྟའི་སྟེང་ན་གནས། །འཛེམ་བཅོས་ལོ་ལྟར་ཤེས་པར་བྱ།། ཞེས་པ་ལྟར། དཔེར་ན། སྟག་རྟ་ཁྱི་གསུམ་གྱི་དུས་ཚོད་ལ་བླ་མཁྱེན་ནུབ་སྟོད་སྤྲེལ་གྱི་སྟེང་དུ་གནས་པ་ལྟ་བུ་གཞན་ཡང་དེས་བསྒྲེས།
ཁ་གཅིག་དེ་སྟེང་རོ་སོང་ན། ཟས་ནོར་ལ་ངན་པར་གསུངས།།
བཞི་པ་ས་བདག་ཟིན་ཕུང་དྲུག་འགྲས་ནི། ཁང་བུ་ལས་། མི་ལུས་སྡིག་མགོ་རལ་གྲི་འཕྱར། །བཞོན་པ་གླང་ལ་བྱས་པ་སྟེ། །འཁོར་ནི་ལྷ་སྲིན་ཡོངས་དང་ནི།
།ཁྱད་པར་གཟའ་དང་སྡོང་བ་ཡིན། གནམ་ལོ་མར་གྱི་དྲུག་པའི་སྟེང་། །གཡོན་སྐོར་ཉི་ལྡོག་མཉམ་དུ་བསྐྱ།།
ཞེས་པ་ལྟར། གནམ་ལོའི་མར་གྱི་དྲུག་པའི་སྟེང་དུ་གནས་པ་སྟེ། དཔེར་ན། གནམ་ལོ་བྱི་བ་ཤར་བའི་ཚེ་ལྷོ་སྟོད་སྦྲུལ་གྱི་སྟེང་དུ་གནས་པ་ལྟ་བུའོ།།
འདི་ཡི་སྟེང་དུ་རོ་སོང་ན། །ལོ་དྲུག་འཆི་འཕྲོ་མི་ཆོད་ཅིང་།
།ཀོ་ལོང་ཁྱིམ་གང་མི་དང་ནི། །རྩིས་པ་ཡུལ་མི་ཀུན་ལ་སྡོམ། །ཕ་ཚན་བདུན་བརྒྱུད་འཕུང་བར་བཤད།།
ཅེས་གསུངས།།
ལྔ་པ་ས་བདག་འཕར་བ་མགོ་དགུ་ནི། ཁང་བུ་ལས། སྟག་འབྲུག་རྟ་ཡི་ཟླ་གསུམ་སྤྲེལ། །ཡོས་ཟླར་སྦྲུལ་ལ་སྦྲུལ་ཟླར་སྟག
།ལུག་ཟླར་ཕག་གི་སྟེང་དུ་གནས། །སྟོན་གསུམ་རིམ་བཞིན་ཡོས་ལུག་ཁྱི། །དགུན་གསུམ་རིམ་བཞིན་སྤྲེལ་འབྲུག་བྱ།།
ཞེས་དང་། ཁ་གཅིག་ཏུ། དགུན་གསུམ་རིམ་བཞིན་གླང་འབྲུག་བྱ།། ཞེས་འདུག་པའང་དཔྱོད།། དཔེར་ན་དགུན་ར་ཕག་གི་ཟླར།
།ནུབ་སྟོད་སྤྲེལ་ཐོག་གནས་བཞིན་བསྒྲེས། །གོང་བཞིན་དེ་དག་ཐོག་ཏུ་ནི། །རྡེལ་རེ་བཞག་པས་རང་ངོས་ཟིན།།
འདི་ཡི་སྟེང་དུ་རོ་སོང་ན། །ལོ་དགུ་འཆོ་འཕྲོ་མི་ཆོད་ཅིང་། །ལས་ཐབས་དུར་གཤིད་བྱ་མི་རུང་།
།ཀོ་ལོང་ཤུལ་དང་ཡུལ་མིར་སྡོམ། །ཞེས་གསུངས།།
དྲུག་པ་(གསོན་གཤིན་ལོ་དང་གཤིན་པོའི་དགྲ་ཕྱོགས།) གཟའ་སྐར་ས་བདག་ནི། གསོན་གཤིན་སྲོག་གི་དགྲ་ཕྱོགས་སྤང་། རང་རང་ཕྱོགས་ཀྱང་སྤང་བར་བྱ།
།ཕུར་ཤི་ཤར་ཕྱོགས་མི་བཏང་བསྒྲེས། །སྐར་མ་གཟའ་དང་འདྲ་བ་སྟེ། །དཔེར་ན་གསོན་གཤིན་སྲོག་མེ་ཡིན།
།དེ་ཉིད་བྱང་དུ་མི་བཏང་ངོ་། །ལྷོ་སྐར་ཤི་བ་ལྷོར་མི་བཏང་། །དེ་ཡིས་བསྒྲེས་ལ་ཤེས་པར་བྱ།།
ཞེས་སོ།།
དེ་ཡང་ས་བདག་ཁང་བུར་
གཟའ་སྐར་སོགས་བརྟག་དགོས་པར་གསུངས་ཀྱང་། རང་གི་སློབ་དཔོན་གྱི་ཞལ་རྒྱུན་ལས་བྱུང་ལྟར་ན།
གསོན་ལོའི་གཙོ་ཆེ་བའི་ལོ་གང་ཡིན་པ་མེ་ཕག་ལྟ་བུ་གཅིག་གི་སྟེང་དུ་རྡེལ་གཅིག་བཞག་རྒྱུ་དང་།
དེ་བཞིན་དུ་གཤིན་ལོ་ས་ལུག་ལྟ་བུ་གཅིག་གི་ཐོག་ཏུ་རྡེལ་གཅིག་བཞག། ས་དགྲ་ཤིང་ཞེས་པ་ལྟ་བུ་གཤིན་པོའི་སྲོག་གི་དགྲ་ཤར་ཕྱོགས་ལྟ་བུ་ལ་རྡེལ་གཅིག་བཞག་སྟེ་
དེ་རྣམས་ཀྱི་སྟེང་ཞིབ་མོར་བརྟག་སྟེ་བཏོན་མི་རུང་བར་གསུངས་སོ།།
དེའང་སློབ་དཔོན་གྱི་ཞལ་སྒོ་ལས་ཐོས་པ་ཙམ་ཞིག་མ་གཏོགས་ཡིག་ཆ་ཁུངས་ལྡན་ནི་མ་རྙེད།
འོན་ཀྱང་སྙིགས་དུས་ཀྱི་རང་འདྲའི་བློ་དམན་མཆེད་གྲོགས་འགས་ནན་གྱིས་སྐུལ་ངོར། རང་གི་སློབ་དཔོན་གྱི་ཞལ་ལས་ཇི་ལྟར་ཐོས་པ་བཞིན་དུ་
རབ་བྱུང་བཅུ་བདུན་པའི་ལྕགས་རྟ་ལོ། སྨིན་ཟླའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོར་ཨོ་རྒྱན་གྱིས་ས་བདག་ཁང་བུ་ལས་བཏུས་ཏེ་བསྒྲིགས་པ་དེས་དགེ་ལེགས་སུ་གྱུར་ཅིག།
(གཟའ་སྐར་གྱི་ཕྱོགས་དང་ཁམས་ནི་འབྱུང་རྩིས་ཟླ་ཟེར་ལས། ཉི་མ་མིག་དམར་མེ་ཡིན་ལྷོ། །ཟླ་བ་ལྷག་པ་ཆུ་ཡིན་བྱང་།
།ཕུར་ཤིང་ཤར་ཏེ་སངས་ལྕགས་ནུབ། །སྤེན་པ་ས་ཡིན་མཚམས་ལ་དབང་།
།རཱ་ཧུ་སྤྱི་ཁྱབ་འབྱུང་ལྔ་ཚང་།། སྨིན་དྲུག་སྣར་མ་མགོ་དང་ལག
།ནབས་སོ་རྒྱལ་ཤར་སྐག་ཤར་ལྷོ། །མཆུ་གྲེ་དབོ་དང་མེ་བཞི་ནག །ས་རི་ལྷོ་སྐར་ས་ག་ནི།
།ལྷོ་ནུབ་ཡིན་ཏེ་ལྷ་མཚམས་སྣྲོན། །སྣྲུབས་དང་ཆུ་སྟོད་ཆུ་སྨད་དང་།
།གྲོ་བཞིན་ནུབ་སྐར་བྱི་བཞིན་ནི། །ནུབ་བྱང་མཚམས་ཀྱི་སྐར་མ་ཡིན།
།མོན་དྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་དབྱུ་གུ་བྱང་སྐར་ཏེ།
།བྲ་ཉེ་བྱང་ཤར་མཚམས༌སྐར་ཡིན། །ཤར་སྐར་དྲུག་ཤིང་ལྷོ་སྐར་མེ།
།ནུབ་ལྕགས་བྱང་ཆུ་མཚམས་སྐར་ས། །སྐར་ཆུང་ཉི་ཤུ་རྩ་བདུན་བཀོད།
།མགོ་ལག་བར་ན་སྐར་ཆུང་མེད།། ཅེས་གསུངས།)
ཕྱོགས། |
ཁམས། |
གཟའ། |
སྐར་མ། |
ཤར། |
ཤིང་། |
ཕུར་བུ། |
༢སྨིན་དྲུག། ༣སྣར་མ། ༤མགོ། ༥ལག། ༦ནབས་སོ། ༧རྒྱལ། |
ཤར་ལྷོ། |
ས། |
སྤེན་པ། |
༨སྐག། |
ལྷོ། |
མེ། |
ཉི་མ། མིག་དམར། |
༩མཆུ། ༡༠གྲེ། ༡༡དབོ། ༡༢མེ་བཞི།
༡༣ནག་པ། ༡༤ས་རི། |
ལྷོ་ནུབ། |
ས། |
སྤེན་པ། |
༡༥ས་ག། |
ནུབ། |
ལྕགས། |
པ་སངས། |
༡༦ལྷ་མཚམས། ༡༧སྣྲོན། ༡༨སྣྲུབས། ༡༩ཆུ་སྟོད།
༢༠ཆུ་སྨད། ༢༡གྲོ་བཞིན། |
ནུབ་བྱང་། |
ས། |
སྤེན་པ། |
༢༡བྱི་བཞིན། |
བྱང་། |
ཆུ། |
ཟླ་བ། ལྷག་པ། |
༢༢མོན་དྲེ། ༢༣མོན་གྲུ། ༢༤ཁྲུམས་སྟོད། ༢༥ཁྲུམས་སྨད། ༢༦ནམ་གྲུ། ༠དབྱུ་གུ། |
བྱང་ཤར། |
ས། |
སྤེན་པ། |
༡བྲ་ཉེ། |
No comments:
Post a Comment