Thursday, May 5, 2016

རྣམ་འཇོམས་མའི་བྱབ་ཁྲུས།

རྣམ་འཇོམས་མའི་བྱབ་ཁྲུས་ཉེས་པ་ཀུན་སེལ་ཞེས་བྱ་བ་བཞུགས་སོ།།   །།
༈ མཐུ་སྟོབས་རྡོ་རྗེ་དྲན་ཙམ་གྱིས། །གྲིབ་དང་ནད་གདོན་རྣམ་རྟོག་ཀུན། སྐད་ཅིག་ཉིད་ལ་འཇོམས་མཛད་པའི། །རྡོ་རྗེ་ཅན་ཞབས་པད་ལ་འདུད།། ཅེས་ལྷག་པའི་ལྷ་ལ་མཆོད་པར་བརྗོད་ནས། འདིར་གང་ལས་སུ་བྱ་བ་ནི། སྐྱེ་བོ་མཆོག་དམན་ཡོངས་ལ་ཕན་གདགས་པའི་སླད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་སྒྲུབ་ཐབས་ཀྱི་སྒོ་ནས་བཀྲུ་བྱབ་བསྲུང་གསུམ་བྱ་བར་ འདོད་པས། ཐོག་མར་བུམ་པ་ཚད་ལྡན་ལ་རྒྱུན་བབ་ཀྱི་ཆུ་གཙང་བླུགས། ལྔ་ཚན་ལྔའི་བུམ་རྫས་བཏབ། རྨ་བྱའི་སྒྲོའི་ཆུན་པོོས་ཁ་བརྒྱན་ཅིང་དར་གྱིས་མགུལ་འཆིང་བཅས་བཀོད། འབུལ་གཏོར་དང་ཆ་གསུམ་བདག་བུམ་གཉིས་ཀྱི་མཆོད་པ་བདུན་ཚར་བཅས་བཤམས། རང་གི་མདུན་དུ་རྡོར་དྲིལ་གུ་ཡུངས་འཐོར་འབྲུ་བཅས་འདུ་བྱས་པའི་མཐར། རང་ཉིད་བདེ་བའི་གདན་ལ་བཞུགས་ནས། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ།། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ།།
བརྒྱུད་པའི་བསྟོད་ཚོགས་ནི། སྟོན་པ་རྣམ་འཇོམས་སངས་རྒྱས་གསང་བ་དང་། གཱ་གཱ་དྷ་ར་མ་ཎི་བཛྲ་དང་། །ཛ་ཡ་ཝརྨ་དྷརྨ་ཤྲཱི་དང་། །སརྦ་རི་པ་རྣམས་ལ་གསོལ་བ་འདེབས། །དྷེ་བ་པཱུརྞ་མ་ཏི་ལོ་ཙ་བ། །ཆོས་ཀྱི་བཟང་པོ་རིན་ཆེན་དངོས་གྲུབ་དང་། སྐྱི་སྟོན་སྲེག་སྟོན་དམ་པ་གྲུབ་ཤེ་བ། །ཡེ་སྟོན་པད་ཅན་རྣམས་ལ་གསོལ་བ་འདེབས། །ཇོ་བཙུན་མདོ་དཔལ་གྲུབ་ཐོབ་ཨོ་རྒྱན་པ། །ཆོས་ཀྱི་རྒྱལ་མཚན་བསོད་ནམས་རྒྱལ་མཚན་དང་། །མཁན་ཆེན་ཤར་རྡོ་ཆོས་དཔལ་ཤེས་རབ་དང་། །གྲགས་པ་རྡོ་རྗེ་རྣམས་ལ་གསོལ་བ་འདེབས། །གྲགས་པ་དོན་གྲུབ་བྱང་ཆུབ་དཔལ་རྣམ་གཉིས། །དགེ་སློང་རིན་རྣམ་འཇམ་དབྱངས་ཆོས་ཀྱི་གྲགས། །རྡོ་རྗེ་སློབ་དཔོན་ཡོན་ཏན་ཡེ་ཤེས་དང་། །ཀུན་མཁྱེན་པད་དཀར་རྣམས་ལ་གསོལ་བ་འདེབས། །ཆོས་རྒྱལ་བསྟན་པའི་ཉི་མ་ལྷ་དབང་བློ། །མཐུ་ཆེན་བླ་མ་བསོད་ནམས་མཚན་ཅན་དང་། །གསུང་དབང་དྷ་ཛ་ཤཱ་ཀྱ་རཏྣའི་ཞབས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་བདག་སོགས་འགྲོ་རྣམས་ཀྱི། །བཙོག་གྲིབ་འཁོན་གྲིབ་གདོན་གྱི་འཚེ་བ་ཞི། །རྡོ་རྗེ་འཛིན་པའི་གོ་འཕང་མྱུར་ཐོབ་ནས། །ལྕང་ལོ་ཅན་གྱི་སྟོན་པར་གྱུར་ཅིག་གུ། བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་ཐར་གྱིས་ཤོག །བསྐལ་བ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོ་འོ།།
༈ ཇི་ལྟར་བལྟམས་པ་ཙམ་གྱིས། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པར་གསལ་བའི་སྙིང་གར་ཉི་མ་ལ་ཧཱུཾ་མཐིང་ནག་རབ་ཏུ་འབར་བ། དེ་ལས་འོད་ཟེར་འཕྲོས་པས། བླ་མ་དང་རྡོ་རྗེ་རྣམ་པར་འཇོམས་པ་གཉིས་སུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའ་བཛྲ་ས་མཱ་ཛཿ  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ།།
དེ་ལ་དམིགས་ཏེ། ཨོྃ་ཨརྒྷཾ་པྲ་ཏཱིཙྖ་ཧཱུྃཿ  སྔགས་ཐོག་མཐའ་གོང་བཞིན་སྦྱར་ཏེ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྟ་པྲ་ཏཱིཙྖ་ཧཱུྃཿ ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པའི་འདུན་པ་རྣམ་དག་ལན་གསུམ་བྱས་ནས། བཛྲ་མུཾཿ ཚོགས་ཞིང་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར།། ཅེས་བརྗོད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་བསྒོམ་མོ།
དངོས་གཞི་བདག་བསྐྱེད་ནི། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། གཟུང་འཛིན་གྱིས་འདུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་རིག་ཧཱུྃ་མཐིང་ནག །འབར་བའི་འོད་ཀྱིས་དོན་གཉིས་ཡོངས་གྱུར་པས། །རང་ཉིད་ཁྲོ་རྒྱལ་རྡོ་རྗེ་རྣམ་པར་འཇོམས། །སྐུ་མདོག་མཐིང་ནག་དྲག་ཤུལ་བྱིན་གྱིས་སྒེག གསུས་ཁྱིམ་ཆེ་ཞིང་སྐུ་དང་་སུལ་རགས། །ཞལ་གདངས་མཆེ་གཙིགས་ལྗགས་སྒྲིལ་སྤྱན་གསུམ་པ། །སྨ་ར་ཨག་ཚོམ་སྨིན་མ་མེ་ལྟར་འབར། །ཁྲོ་གཉེར་རབ་བསྡུས་ཤངས་ནས་འཐོར་རླུངས་འཚུབས། །དབུ་ལ་རྡོ་རྗེའི་ཐོད་ཕྲེང་ཉིས་རིམ་དུ། །བཅིང་པའི་རལ་པ་དམར་སེར་གནམ་དུ་གཟེངས། །ཕྱག་གཡས་མཐུ་སྟོབས་རྡོ་རྗེ་རྩེ་ལྔ་པ། །ནམ་མཁར་འཕྱར་བས་གནོད་བྱེད་སྙིང་ལ་གཟིར། །ཕྱག་གཡོན་ཁྲོ་གཏུམ་འགྱིང་བདག་དང་བཅས་པའི། །དྲིལ་བུ་དཀུར་བརྟེན་གར་དགུའི་ཉམས་ཀྱིས་བརྗིད། ཀླུ་ཆེན་རིགས་ལྔས་སྐུ་དང་ཡན་ལག་བརྒྱན། །དར་གྱི་སྟོད་གཡོགས་སྟག་གི་ཤམ་ཐབས་ཅན། །ཞབས་གཉིས་གཡས་བསྐུམས་གཡོན་བརྐྱང་རོལ་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་མཐིང་ནག་དང་། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཕྱོགས་བཅུའི་ཞིང་ནས་སྒོམ་པ་དང་འདྲ་བའི། །ཡེ་ཤེས་འཁོར་ལོ་བཛྲ་ས་མཱ་ཛཿ ཛ་ཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་གྱུར། །སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ། །བདེ་གཤེགས་རིགས་ལྔ་སྤྱན་དྲངས་བདག་ཉིད་ལ། །དབང་བསྐུར་སྤྱི་བོར་མི་བསྐྱོད་དབུ་རྒྱན་གྱུར།། མཆོད་པ་འབུལ་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་ཝ་རེ་ཨརྒཾ་པྲ་ཏཱིཙྖ་ཧཱུྃ། སྔགས་ཐོག་མཐའ་གོང་བཞིན་སྦྱར་ནས།  པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྟ་པྲ་ཏཱིཙྖ་ཧཱུྃཿ ཞེས་པས་མཆོད། བསྟོད་པ་ནི། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གདུག་པ་ཚར་གཅོད་ཁྲོ་བོའི་སྐུ། །རྡོ་རྗེ་ཆེན་པོ་འཇིགས་ཆེན་པོ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད།། བདག་བསྐྱེད་ཀྱི་སྔགས་ཕྲེང་བསྐོར་བ་ནི། ཐུགས་ཀར་ཉི་མའི་དཀྱིལ་འཁྱོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་གི་མཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བར་གྱུར།།་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏ་དྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥུ་ཊ་ཡ་སྥུ་ཊ་ཡ། གྷཱུརྞཱ་གྷཱུརྞཱ། གྷཱུརྞཱ་པ་ཡ། གྷཱུརྞཱ་པ་ཡ། སརྦ་སཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ་སཾ་ཀུཊྚ་ཡ། སརྦ་ཤ་ཏྲཱུ་ན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་བི་དྱཱཾ་བཛྲ་བཛྲ། སྥུ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲ་ཡཱ་སྭཱ་ཧཱ། ཧེ་ཕུལླུ། ནི་རུ་ཕུལླུ། གྲི་ཧྞ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ཎ་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ། ཙཎྜ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏིསྠི་ར་བཛྲ། ཤྲུ་ཏིསྠི་ར་བཛྲ། པྲ་ཏིསྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧེ་ཨེ་ཧི་བཛྲ། ཤྲཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་ར། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོའམ་ཨ་མུ་ཀ་མཱ་ར་ཡ་ཕཊཿ ན་མཿ ས་མནྟ་བཛྲ་ཎཱཾ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ། མཧཱ་བ་ལེ། ཀ་ཏ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལ་མ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྭ་བ་ཛྭ་ལ། ཏི་ཊི་ཏི་ཊི། པིངྒ་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲ་ཨངྐུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ད་དྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ན་མཥྩཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ།། ཅི་ནུས་བཟླ། དེ་ནས་སྟོང་འགྱུར་གྱི་སྔགས་ནི། ད་དྱ་ཐཱ། ཨོཾ་ཛ་ཡེ་ཛ་ཡེ་མ་ཧཱ་ཛ་ཡེ། ཛ་ཡཱ་ཝ་ཧི་ནི་ཛཡོཏྟ་རི། ཀ་ལ་ཀ་ལ། མ་ལ་མ་ལ། ཙ་ལ་ཙ་ལ། ཀྵ་ཎི་ཀྵ་ཎི། སརྦ་ཀརྨ་ཨཱ་བ་ར་ཎཱ། ནི་མེ་སརྦྦ་ད་ཛྙ་ན་ཨ་དྷིཥྠི་ཏེ་སྭཱ་ཧཱ། ན་མོ་བྷ་ག་ཏེ་ས་ཧ་སྲ་བརྟེ་སརྦྦ་བུདྡྷ་ཨ་བ་ལོ་ཀེ་ཏེ། ཙཀྵུཿ ཤོ་ཏྲ་གྷྲཱ་ཎ་ཛིཧྭཱ་ཀཱ་ཡ་མ་ནོ་བི་ཛྙཱ་ན་བི་ཤོ་དྷ་ནི་སྭཱ་ཧཱ། ཕུ་རུ་ཕུ་རུ། སུ་རུ་སུ་རུ། ཕུ་རཱ་ཕུ་རཱ། པྲ་ཕུ་རཱ་པྲ་ཕུ་རཱ། སརྦ་བུདྡྷི་ཨ་དྷིཥྛི་ཏེ་སྭཱ་ཧཱ། དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཨ་བྷཱ་བ་སྭཱ་ཧཱ། སརྦ་དྷརྨ་ཨ་བ་བོ་དྷ་ནི་སྭཱ་ཧཱ།། བདག་བསྐྱེད་གྲུབ།
བུམ་བསྐྱེད་ནི། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། བུམ་པ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི། །བུམ་པ་མཚན་ཉིད་ཐམས་ཅད་ཚང་བའི་ནང་། །བདུད་རྩི་རྒྱ་མཚོའི་དབུས་སུ་པད་ཉི་ལ། །བཅོམ་ལྡན་ཁྲོ་རྒྱལ་རྡོ་རྗེ་རྣམ་པར་འཇོམས། །སྐུ་མདོག་མཐིང་ནག་དྲག་ཤུལ་བྱིན་གྱིས་སྒེག གསུས་ཁྱིམ་ཆེ་ཞིང་སྐུ་དང་་སུལ་རགས། །ཞལ་གདངས་མཆེ་གཙིགས་ལྗགས་སྒྲིལ་སྤྱན་གསུམ་པ། །སྨ་ར་ཨག་ཚོམ་སྨིན་མ་མེ་ལྟར་འབར། །ཁྲོ་གཉེར་རབ་བསྡུས་ཤངས་ནས་འཐོར་རླུངས་འཚུབས། །དབུ་ལ་རྡོ་རྗེའི་ཐོད་ཕྲེང་ཉིས་རིམ་དུ། །བཅིང་པའི་རལ་པ་དམར་སེར་གནམ་དུ་གཟེངས། །ཕྱག་གཡས་མཐུ་སྟོབས་རྡོ་རྗེ་རྩེ་ལྔ་པ། །ནམ་མཁར་འཕྱར་བས་གནོད་བྱེད་སྙིང་ལ་གཟིར། །ཕྱག་གཡོན་ཁྲོ་གཏུམ་འགྱིང་བདག་དང་བཅས་པའི། །དྲིལ་བུ་དཀུར་བརྟེན་གར་དགུའི་ཉམས་ཀྱིས་བརྗིད། ཀླུ་ཆེན་རིགས་ལྔས་སྐུ་དང་ཡན་ལག་བརྒྱན། །དར་གྱི་སྟོད་གཡོགས་སྟག་གི་ཤམ་ཐབས་ཅན། །ཞབས་གཉིས་གཡས་བསྐུམས་གཡོན་བརྐྱང་རོལ་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས། །ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་མཐིང་ནག་དང་། །གནས་གསུམ་འབྲུ་གསུམ་མཚན་ལས་འོད་འཕྲོས་པས། །ཕྱོགས་བཅུའི་ཞིང་ནས་སྒོམ་པ་དང་འདྲ་བའི། །ཡེ་ཤེས་འཁོར་ལོ་བཛྲ་ས་མཱ་ཛཿ ཛ་ཧཱུྃ་བཾ་ཧོཿ དམ་ཡེ་གཉིས་མེད་གྱུར། །སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ། །བདེ་གཤེགས་རིགས་ལྔ་སྤྱན་དྲངས་བུམ་པའི་ལྷར། །དབང་བསྐུར་སྤྱི་བོར་མི་བསྐྱོད་དབུ་རྒྱན་གྱུར།། བུམ་བསྐྱེད་ཀྱི་མཆོད་པ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་ཝ་རེ་ཨརྒཾ་པྲ་ཏཱིཙྖ་ཧཱུྃ། སྔགས་ཐོག་མཐའ་གོང་བཞིན་སྦྱར་ནས།  པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྟ་པྲ་ཏཱིཙྖ་ཧཱུྃཿ ཞེས་པས་མཆོད། བུམ་བསྐྱེད་ཀྱི་བསྟོད་པ་ནི།  སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གདུག་པ་ཚར་གཅོད་ཁྲོ་བོའི་སྐུ། །རྡོ་རྗེ་ཆེན་པོ་འཇིགས་ཆེན་པོ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད།། བུམ་བསྐྱེད་ཀྱི་སྔགས་ཕྲེང་བསྐོར་བ་ནི། བུམ་ལྷའི་ཐུགས་ཐུགས་ཀའི་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབ་པས། བུམ་པ་ཡེ་ཤེས་ཀྱི་ཆུས་གང་བར་གྱུར།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏ་དྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥུ་ཊ་ཡ་སྥུ་ཊ་ཡ། གྷཱུརྞཱ་གྷཱུརྞཱ། གྷཱུརྞཱ་པ་ཡ། གྷཱུརྞཱ་པ་ཡ། སརྦ་སཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ་སཾ་ཀུཊྚ་ཡ། སརྦ་ཤ་ཏྲཱུ་ན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་བི་དྱཱཾ་བཛྲ་བཛྲ། སྥུ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲ་ཡཱ་སྭཱ་ཧཱ། ཧེ་ཕུལླུ། ནི་རུ་ཕུལླུ། གྲི་ཧྞ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ཎ་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ། ཙཎྜ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏིསྠི་ར་བཛྲ། ཤྲུ་ཏིསྠི་ར་བཛྲ། པྲ་ཏིསྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧེ་ཨེ་ཧི་བཛྲ། ཤྲཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་ར། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོའམ་ཨ་མུ་ཀ་མཱ་ར་ཡ་ཕཊཿ ན་མཿ ས་མནྟ་བཛྲ་ཎཱཾ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ། མཧཱ་བ་ལེ། ཀ་ཏ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལ་མ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྭ་བ་ཛྭ་ལ། ཏི་ཊི་ཏི་ཊི། པིངྒ་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲ་ཨངྐུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ད་དྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ན་མཥྩཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ།། ཞེས་གཟུངས་སྔགས་ཅི་ནུས་བཟླས། མཐར་ལྷ་འོད་དུ་ཞུ་ནས་དག་བྱེད་ནུས་མཐུ་ཅན་གྱི་ཆུ་རུ་གྱུར།། ཞེས་བརྗོད།
དེ་ནས་བསྒྲུབ་བྱ་མདུན་དུ་འཁོད་པ་ལ་སྔོན་འགྲོ་ཆ་གསུམ་བཤམས་ནས་འདི་སྐད་དོ།། ཚངས་པ་བརྒྱ་བྱིན་མི་ཡི་ལྷ། །གཤིན་རྗེ་སྲིན་པོ་ཆུ་ཡི་བདག །རླུང་ལྷ་གནོད་སྦྱིན་བགེགས་ཀྱི་རྒྱལ། །ས་བདག་ལ་སོགས་ཕྱོགས་སྐྱོང་བཅུ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །མཁའ་ལྡིང་འདབ་བཟང་ལུས་སྲུལ་པོ། །མི་འམ་ཅི་དང་ལྟོ་ཕྱེ་ཆེ། །སྡེ་བརྒྱད་ཚོགས་ལ་ཕྱག་འཚལ་བསྟོད། །ས་ཆ་མེ་རླུང་ནམ་མཁའ་ལ། །གནས་པའི་བགེགས་རིགས་སྟོང་ཕྲག་ཚོགས། །སོ་སོ་རང་གི་འཁོར་འདུ་ཞིང་། །ས་གནས་རྣམས་ལ་ཕྱག་འཚལ་བསྟོད། །སྤོས་དང་མེ་ཏོག་མར་མེ་དང་། བྱུག་པ་ཞལ་ཟས་གཏོར་མ་ལོངས། །བདག་ཅག་སློབ་དཔོན་འཁོར་བཅས་ཀྱི། །ལས་འདི་འབྲས་བུ་མཆིས་པར་མཛོད།། ན་མོ༑ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་བསྲུང་མའི་བདེན་པས། བསྒྲུབ་བྱ་འདི་རྣམས་ལ་བར་དུ་གཅོད་པར་བརྩམ་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་རྡོ་རྗེ་ཁྲོ་བོའི་བཀའ་ཐོས་ནས། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག གང་ དག་མི་འགྲོ་བ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་ པའི་ཁྲོ་བོའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་ བརྒྱར་འགས་པར་གྱུར་ཏ་རེ།། ལྷའི་ང་རྒྱལ་གྱིས་རྡོ་རྗེ་གསོར་ཞིང་ཡུངས་ཐུན་གྱིས་བྲབ། གུ་གུལ་བདུག་བཞིན། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧུཾ་ཧཱུྃ་ཕཊ། ཨོཾ་གྲིཧྣ་གྲིཧྣ་ཧུཾ་ཧཱུྃ་ཕཊ། གྲིཧྣ་པ་ཡ་གྲིཧྣ་པ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་ཨ་ན་ཡ་ཧོ་བྷ་ག་བཱན་བི་དྷི་ར་ཛ་ཧུཾ་ཧཱུྃ་ཕཊ།། འོག་ཐམས་ཅད་རྡོ་རྗེའི་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་དང་དྲ་བ། ཕྱི་རོལ་ཐམས་ཅད་མེ་རི་ཁ་དོག་རྣམ་པ་ལྔས་ཡོངས་སུ་བསྐོར་བར་གྱུར།། བཛྲ་རཀྵ་རཀྵ།། ཅེས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་རིང་དུ་བསྐྲད་ནས། བསྲུང་འཁོར་བསྒོམས་ཏེ་མཚམས་བཅད་དོ།།
དེ་ནས་ཁྲུས་བྱ་བ་ནི། བུམ་པ་ཐོགས་ཏེ། བྱང་ཆུབ་སྙིང་པོ་གཤེགས་པ་ནི། །ས་རྣམ་དྲུག་ཏུ་རབ་གཡོས་ཞིང་། །བདུད་ཡིད་མེ་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུངས་པ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ཤོག །ཁྱོད་ཀྱི་འདོད་པ་གང་ཡིན་པ། །དོན་དེ་དེ་རིང་འགྲུབ་པར་ཤོག །ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར། ། ཁྱེད་ཅག་སྡིག་པ་མ་གྱུར་ཅིགཅེས་ཤིས་པར་བརྗོད་ནས། དེ་བཞིན་གཤེགས་པ་ཤཱ་ཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། ཕྱག་ན་རྡོ་རྗེ་ལ་་་། བདུད་རྩི་ཐལ་སྦྱོར་ལ་་་། དེ་རྣམས་ཀྱི་མཐུ་དང་བྱིན་རླབས་ཀྱིས། བསྒྲུབ་བྱ་འདི་རྣམས་ཀྱི་སརྦ་པཱ་པཾ་ཤནྟི་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ སརྦ་བི་གྷཱ་ནན་་་། སརྦ་རོ་ག་་་་། སརྦ་དུཥྚ་་་། སརྦ་ཛྲ་ར་་་། སརྦ་ཨུ་པ་དྲ་བ་་་། སརྦ་གྲ་ཧེ་་་། སརྦ་ཨ་ཀ་ལ་མྲྀ་ཏ་་་། སརྦ་དརྶྭ་ནན་་་། སརྦ་དུརྨྀ་ཏེ་་་། སརྦ་ཀུ་ཤ་ལ་བྷྱཿ ཤནྟི་ཀུ་རུ་སྭཱ་ཧཱ། བསྒྲུབ་བྱ་ཚེ་དང་ལྡན་པ་དག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤནྟི་ཀུ་རུ་སྭཱ་ཧཱ། ནད་ཐམས་ཅད་་་། རིམས་ཐམས་ཅད་་་། གདོན་ཐམས་ཅད་་་། ཉེ་བར་འཚེ་བ་ཐམས་ཅད་་་། དུས་མ་ཡིན་པའི་འཆི་བ་ཐམས་ཅད་་་། འཁོན་ཐམས་ཅད་་་། གྲིབ་ཐམས་ཅད་་་། བྱད་ཐམས་ཅད་་་། བྱུར་ཐམས་ཅད་་་། སྐལ་བ་ངན་པ་ཐམས་ཅད་་་། ལྟས་ངན་པ་ཐམས་ཅད་་་། རྨི་ལམ་ངན་པ་ཐམས་ཅད་་་། གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་་་། རྒྱལ་བསེན་གྱི་གནོད་པ་ཐམས་ཅད་་་། ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་་་། མཚན་མོ་བདུད་ཀྱི་གནོད་པ་ཐམས་ཅད་་་། བཀྲ་མི་ཤིས་པ་ཐམས་ཅད་་་། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཤནྟི་ཀུ་རུ་སྭཱ་ཧཱ།། ཞེས་བརྗོད་ཅིང་སྤྱི་བོ་ནས་རྐང་པའི་བར་གྱི་ལུས་ཐམས་ཅད་བཀྲ་བར་བྱའོ།།
དེ་ནས་བྱབས་པ་ནི། རྨ་བྱའི་སྒྲོ་ཆུན་ཐོགས་ཏེ། རྫོགས་སངས་རྒྱས་ཀྱིས་བསྔགས་པ་ཡི། །གོ་འཕང་འདི་ནི་འཐོབ་བྱའི་ཕྱིར། །འཁོར་བའི་རྒྱ་མཚོ་མ་རུངས་པའི། །དགྲ་དང་བདགེགས་ཀྱང་མེད་པར་ཤོག །རྐུན་པོ་ལ་སོགས་མེད་པ་དང་། །མུ་སྟེགས་ཅན་ལས་རྒྱལ་གྱུར་ཅིག །བྱང་ཆུབ་སྙིང་པོ་འཐོབ་བར་དུ། །བདུད་སྡེ་བཞི་ཡིས་མི་ཐུབ་ཅིང་། །ཕོ་ཉ་མངགས་གཞུག་ཕོ་ཉ་མོ། །བྲན་ལ་སོགས་པ་བསྲུང་བར་ཤོག།།གཅོང་རོང་གཡང་ལ་སོགས་པ་དང་། །གདོན་དང་རིམས་ནད་མེད་པར་ཤོག། ཞེས་པའི་ཚིགས་བཅད་བརྗོད་ནས། དེ་བཞིན་གཤེགས་པ་ཤཱ་ཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། ཕྱག་ན་རྡོ་རྗེ་ལ་་་། བདུད་རྩི་ཐལ་སྦྱོར་ལ་་་། དེ་རྣམས་ཀྱི་མཐུ་དང་བྱིན་རླབས་ཀྱིས། བསྒྲུབ་བྱ་འདི་རྣམས་ཀྱི་སརྦ་པཱ་པཾ་ཨ་པ་ན་ཡ་སྭཱ་ཧཱ། དེ་བཞིན་དུ། སརྦ་བི་གྷཱ་ནན་ཨ་པ་ན་ཡ་སྭཱ་ཧཱ། སརྦ་རོ་ག་ཨ་པ་ན་ཡ་སྭཱ་ཧཱ། སརྦ་དུཥྚ་ཨ་པ་ན་ཡ་སྭཱ་ཧཱ། སརྦ་ཛྲ་ར་་་། སརྦ་ཨུ་པ་དྲ་བ་་་། སརྦ་གྲ་ཧེ་་་། སརྦ་ཨ་ཀ་ལ་མྲྀ་ཏ་་་། སརྦ་དརྶྭ་ནན་་་། སརྦ་དུརྨྀ་ཏེ་་་། སརྦ་ཀུ་ཤ་ལ་བྷྱཿ ཨ་པ་ན་ཡ་སྭཱ་ཧཱ། བསྒྲུབ་བྱ་ཚེ་དང་ལྡན་པ་འདི་དག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ། ནད་ཐམས་ཅད་་་། རིམས་ཐམས་ཅད་་་། གདོན་ཐམས་ཅད་་་། ཉེ་བར་འཚེ་བ་ཐམས་ཅད་་་། དུས་མ་ཡིན་པའི་འཆི་བ་ཐམས་ཅད་་་། འཁོན་ཐམས་ཅད་་་། གྲིབ་ཐམས་ཅད་་་། བྱད་ཐམས་ཅད་་་། བྱུར་ཐམས་ཅད་་་། སྐལ་བ་ངན་པ་ཐམས་ཅད་་་། ལྟས་ངན་པ་ཐམས་ཅད་་་། རྨི་ལམ་ངན་པ་ཐམས་ཅད་་་། གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་་་། རྒྱལ་བསེན་གྱི་གནོད་པ་ཐམས་ཅད་་་། ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་་་། མཚན་མོ་བདུད་ཀྱི་གནོད་པ་ཐམས་ཅད་་་། བཀྲ་མི་ཤིས་པ་ཐམས་ཅད་་་། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་ཨ་པ་ན་ཡ་སྭཱ་ཧཱ། ཞེས་བརྗོད་ནས་སྡིག་སྒྲིབ་ཐམས་ཅད་ས་འོག་ཏུ་ཞུགས་པར་བསམ་མོ།།
དེ་ནས། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ནི།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ།། རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས། རྡོ་རྗེའི་ཏིང་ངི་འཛིན་ལ་སྙོམས་པར་བཞུགས་སོ།། དེ་ནས་ལག་ན་རྗོ་རྗེས། སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིགས་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིགས་སྔགས་ཐམས་ཅད་གནོན་པར་བྱེད། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིགས་སྔགས་ཀྱི་ལས་ཐས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པ། གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྗོ་རྗེས་རབ་ཏུ་སྨྲས་སོ།།
་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏ་དྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥུ་ཊ་ཡ་སྥུ་ཊ་ཡ། གྷཱུརྞཱ་གྷཱུརྞཱ། གྷཱུརྞཱ་པ་ཡ། གྷཱུརྞཱ་པ་ཡ། སརྦ་སཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ་སཾ་ཀུཊྚ་ཡ། སརྦ་ཤ་ཏྲཱུ་ན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་བི་དྱཱཾ་བཛྲ་བཛྲ། སྥུ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲ་ཡཱ་སྭཱ་ཧཱ། ཧེ་ཕུལླུ། ནི་རུ་ཕུལླུ། གྲི་ཧྞ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ཎ་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ། ཙཎྜ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏིསྠི་ར་བཛྲ། ཤྲུ་ཏིསྠི་ར་བཛྲ། པྲ་ཏིསྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧེ་ཨེ་ཧི་བཛྲ། ཤྲཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་ར། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོའམ་ཨ་མུ་ཀ་མཱ་ར་ཡ་ཕཊཿ ན་མཿ ས་མནྟ་བཛྲ་ཎཱཾ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ། མཧཱ་བ་ལེ། ཀ་ཏ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལ་མ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྭ་བ་ཛྭ་ལ། ཏི་ཊི་ཏི་ཊི། པིངྒ་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲ་ཨངྐུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ད་དྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ན་མཥྩཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ།།  ཞེས་པའི་གཟུངས་རིང་ལན་གསུམ་གྱིས་བཟང་ཁྲུས་བྱའོ།།
དེ་ནས་བསྲུང་བ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་འདུས་པའི་ཆོས་ཐམས་ཅད་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་སྐད་ཅིག་གིས། །བཅོམ་ལྡན་ཁྲོ་རྒྱལ་རྡོ་རྗེ་རྣམ་པར་འཇོམས། །སྐུ་མདོག་མཐིང་ནག་དྲག་ཤུལ་བྱིན་གྱིས་སྒེག གསུས་ཁྱིམ་ཆེ་ཞིང་སྐུ་དང་ཉ་སུལ་རགས། །ཞལ་གདངས་མཆེ་གཙིགས་ལྗགས་སྒྲིལ་སྤྱན་གསུམ་པ། །སྨ་ར་ཨག་ཚོམ་སྨིན་མ་མེ་ལྟར་འབར། །ཁྲོ་གཉེར་རབ་བསྡུས་ཤངས་ནས་འཐོར་རླུངས་འཚུབས། །དབུ་ལ་རྡོ་རྗེའི་ཐོད་ཕྲེང་ཉིས་རིམ་དུ། །བཅིང་པའི་རལ་པ་དམར་སེར་གནམ་དུ་གཟེངས། །ཕྱག་གཡས་མཐུ་སྟོབས་རྡོ་རྗེ་རྩེ་ལྔ་པ། །ནམ་མཁར་འཕྱར་བས་གནོད་བྱེད་སྙིང་ལ་གཟིར། །ཕྱག་གཡོན་ཁྲོ་གཏུམ་འགྱིང་བདག་དང་བཅས་པའི། །དྲིལ་བུ་དཀུར་བརྟེན་གར་དགུའི་ཉམས་ཀྱིས་བརྗིད། ཀླུ་ཆེན་རིགས་ལྔས་སྐུ་དང་ཡན་ལག་བརྒྱན། །དར་གྱི་སྟོད་གཡོགས་སྟག་གི་ཤམ་ཐབས་ཅན། །ཞབས་གཉིས་གཡས་བསྐུམས་གཡོན་བརྐྱང་རོལ་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས།།
དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། ཞེས་བརྡ་སྦྱར་ནས་ལྷའི་སྟོབས་ཀྱིས་བསྲུང་བར་བྱའོ།།
་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏ་དྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥུ་ཊ་ཡ་སྥུ་ཊ་ཡ། གྷཱུརྞཱ་གྷཱུརྞཱ། གྷཱུརྞཱ་པ་ཡ། གྷཱུརྞཱ་པ་ཡ། སརྦ་སཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུཊྚ་ཀུཊྚ། སཾ་ཀུཊྚ་ཡ་སཾ་ཀུཊྚ་ཡ། སརྦ་ཤ་ཏྲཱུ་ན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་བི་དྱཱཾ་བཛྲ་བཛྲ། སྥུ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲ་ཡཱ་སྭཱ་ཧཱ། ཧེ་ཕུལླུ། ནི་རུ་ཕུལླུ། གྲི་ཧྞ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛ་ཡ་སྭཱ་ཧཱ། ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ཎ་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ། ཙཎྜ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀི་ལི་ཀི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏིསྠི་ར་བཛྲ། ཤྲུ་ཏིསྠི་ར་བཛྲ། པྲ་ཏིསྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧེ་ཨེ་ཧི་བཛྲ། ཤྲཱི་གྷྲཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་ར། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ་སྭཱ་ཧཱ། གནོད་བྱེད་འབྱུང་པོའམ་ཨ་མུ་ཀ་མཱ་ར་ཡ་ཕཊཿ ན་མཿ ས་མནྟ་བཛྲ་ཎཱཾ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ། མཧཱ་བ་ལེ། ཀ་ཏ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལ་མ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ། ཛྭ་བ་ཛྭ་ལ། ཏི་ཊི་ཏི་ཊི། པིངྒ་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲ་ཨངྐུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ད་དྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ན་མཥྩཎྜ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ།།
སརྦ་པཱ་པཾ་རཀྵ་སྭཱ་ཧཱ། དེ་བཞིན་དུ། སརྦ་བི་གྷཱ་ནན་རཀྵ་སྭཱ་ཧཱ། སརྦ་རོ་ག་རཀྵ་སྭཱ་ཧཱ། སརྦ་དུཥྚ་རཀྵ་སྭཱ་ཧཱ། སརྦ་ཛྲ་ར་་་། སརྦ་ཨུ་པ་དྲ་བ་་་། སརྦ་གྲ་ཧེ་་་། སརྦ་ཨ་ཀ་ལ་མྲྀ་ཏ་་་། སརྦ་དརྶྭ་ནན་་་། སརྦ་དུརྨྀ་ཏེ་་་། སརྦ་ཀུ་ཤ་ལ་བྷྱཿ རཀྵ་སྭཱ་ཧཱ། བསྒྲུབ་བྱ་ཚེ་དང་ལྡན་པ་འདི་དག་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་རཀྵ་སྭཱ་ཧཱ། ནད་ཐམས་ཅད་་་། རིམས་ཐམས་ཅད་་་། གདོན་ཐམས་ཅད་་་། ཉེ་བར་འཚེ་བ་ཐམས་ཅད་་་། དུས་མ་ཡིན་པའི་འཆི་བ་ཐམས་ཅད་་་། འཁོན་ཐམས་ཅད་་་། གྲིབ་ཐམས་ཅད་་་། བྱད་ཐམས་ཅད་་་། བྱུར་ཐམས་ཅད་་་། སྐལ་བ་ངན་པ་ཐམས་ཅད་་་། ལྟས་ངན་པ་ཐམས་ཅད་་་། རྨི་ལམ་ངན་པ་ཐམས་ཅད་་་། གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་་་། རྒྱལ་བསེན་གྱི་གནོད་པ་ཐམས་ཅད་་་། ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་་་། མཚན་མོ་བདུད་ཀྱི་གནོད་པ་ཐམས་ཅད་་་། བཀྲ་མི་ཤིས་པ་ཐམས་ཅད་་་། བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་རཀྵ་སྭཱ་ཧཱ།། དེ་ནས་རྡོ་རྗེ་སྤྱི་བོར་བཀོད་དེ། བཅོམ་ལྡན་རྣམ་པར་འཇོམས་པའི་བྱིན་རླབས་དང་། །གསང་སྔགས་རིགས་སྔགས་རྣམས་ཀྱི་མཐུ་སྟོབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །འགྲོ་བ་འདི་ནི་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག། བཛྲ་རཀྵ་རཀྵ་སྭཱ་ཧཱ།། ཞེས་བདེན་སྟོབས་ཀྱིས་བསྲུང་བར་བྱའོ།།
དེ་ནས་མདོ་ཡི་ཕན་ཡོན་ནི། སྡིག་པ་ཐམས་ཅད་བྱང་བ་དང་། སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་བཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་གྲིབ་པས་ནི་གནོད་པ་དང་། །མྱ་ངན་ངལ་དང་གནོད་པ་དང་། །འཇིགས་པ་དང་ནི་འཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །དེས་ནི་རབ་བཀྲུས་གཙང་མ་ཡི། །མདོ་སྡེ་དམ་པ་ཉན་པར་གྱིས། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེ་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོགཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཡུངས་ཀར་དཱུརྦ་དང་། །རིན་ཆེན་རྨ་མེད་ཙནྡན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། ཆུ་ཡི་གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་བཀྲི་ཞིང་དགང་། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག།  །དེས་ནི་ཀུན་ཏུ་དགེ་བར་འགྱུར།། འཐོར་འབྲུ་ལག་ཏུ་བཟུང་ནས། ཨོྃ་ཡེ་དྷརྨ་ཧེ་ཏུ་པྲ་བྷཱ་བ། ཧེ་ཏུནྟེ་ཥཱཾ་ཏ་ཐཱ་ག་ཏ་ཧྱཡ་བ་དཏྟ། ཧེ་ཏུ་ཏེ་ཥཱཉྕ ཡོ་ནི་རོ་དྷ། ཨེ་བཾ་བ་དི་མ་ཧཱ་ཤྲཱ་མ་ཎ། སྭཱ་ཧཱ།། ལན་བདུན་གྱིས་འབྲུ་ལ་སྔགས་བཏབ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་འདབ་འདྲ་རྒྱས་པའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།
ཧཱུྃ༑ འགྱུར་བ་མེད་པ་མཐིང་ནག་སྟེ། །མཐུ་སྟོབས་ཆེར་སྟོན་ཕྱག་ན་རྡོ་རྗེ་བསྣམས། །གསང་བའི་བདག་པོའི་བཀྲ་ཤིས་ཡིན་པ། བཀྲ་ཤིས་དམ་པས་དེང་འདིར་བདེ་ལེགས་ཤོག།  མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་དྲི་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག  ཨོཾ་ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།། དེང་འདིར་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་ཐར་བ་བཞིན་དུ་གྲིབ་དང་ནད་ གདོན་བར་ཆད་མི་མཐུན་པའི་ཕྱོགས་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཅེས་བརྗོད་ནས་གྲུབ་བོ།།
དེ་ནས་གཏོར་བསྔོ་ནི། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། གཏོར་རྫས་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཨོཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཿ་ཧཱུྃ། ལན་གསུམ་བྱིན་གྱིས་བརླབས། རང་གི་སྙིང་ཁའི་འོད་ཟེར་གྱིས། ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་ཝ་རེ་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་དང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿ ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་འཇིག་རྟེན་པར་བསྔོ། འཇིག་རྟེན་འདས་ཤིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཐམས་ཅད་འགྲུབ་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དེ་བཞིན་ཕ་རོལ་ཕྱིན་རྫོགས་ཤིང་། །དགྲ་རྣམས་ཐམས་ཅད་ཕམ་པར་མཛོད།། ཅེས་པའི་བར་གྱིས་འདོད་དོན་གསོལ། བཛྲ་མུྃཿ གཏོར་མགྲོན་རང་གནས་སུ་གཤེགས་པར་གྱུར།།
རྗེས་ཆོག་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དཱ་ར་ཎ་ས་པ་རི་ཝ་རེ་ཨརྒཾ་པྲ་ཏཱིཙྖ་ཧཱུྃ། སྔགས་ཐོག་མཐའ་གོང་བཞིན་སྦྱར་ནས།  པཱ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྟ་པྲ་ཏཱིཙྖ་ཧཱུྃཿ ཞེས་པས་མཆོད། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གདུག་པ་ཚར་གཅོད་ཁྲོ་བོའི་སྐུ། །རྡོ་རྗེ་ཆེན་པོ་འཇིགས་ཆེན་པོ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད།།
མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཡང་བཟོད་པར་མཛད་དུ་གསོལ། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། བདག་གིས་བརྗེད་ངེས་ཅི་བགྱིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ།། ཞེས་བཟོད་པར་གསོལ།། བདག་བསྐྱེད་སྣོད་བཅུད་འོད་གསལ་ངང་དུ་བསྡུ། །དེ་ལས་ཐུན་མཚམས་སྒྱུ་མའི་ལྷ་སྐུར་ལྡང་། །དགེ་འདིས་འགྲོ་ཀུན་བླ་མེད་བྱང་ཆུབ་ནས། །ཕྱི་ནང་བར་ཆད་གཡུལ་ལས་རྣམ་རྒྱལ་ཤོག། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་རྣམ་འཇོམས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཕྱོགས་དུས་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །དྲིན་ཅན་རྩ་བརྒྱུད་བླ་མ་སྲས་བཅས་ཀྱིས། །བསྟན་འགྲོའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །བརྒྱུད་པའི་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡིད་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག། ཞེས་སོགས་ཀྱིས་བརྒྱན་པར་བྱའོ།། ཞེས་བྱབ་ཁྲུས་ཀྱི་ལག་ལེན་མདོར་བསྡུས་སུ་སྤེལ་བ་འདིའང་འཇིག་རྟེན་ལ་ཕན་གདགས་པའི་སླད་དུ་དགེ་རིན་པས་སོ།།    །།







No comments: