ཉིན་མཚན་རིང་མཐུང་གི་སྐོར།
༡༽
ཉིན་མཚན་རིང་མཐུང་འགྱོ་དགོ་པའི་རྒྱུ་མཚན།
དེ་ཡང་རྩ་བ་ལས།
ཉིན་མཚན་རིང་བ་ཐང་གཅིག་གོ། །ཉི་མ་ལྷོ་བྱང་འགྲོ་ཚེ་འོ།།
ཟེར་གསུངས་དོ་བཟུམ་སྦེ། ཉིན་མཚན་རིང་མཐུང་མ་འདྲཝ་སྦེ་འགྱོ་བའི་རྒྱུ་མཚན་དེ་རང་། བྱཱ་གི་ཉིན་ལོག་ཐལ་ཞིནམ་ལས་ཉི་མ་ལྷོ་ལུ་འགྱོ་ནི་དང་།
དགུན་གྱི་ཉིན་ལོག་ཐལ་ཞིནམ་ལས་ཉི་མ་བྱང་ལུ་འགྱོ་བའི་རྒྱུ་མཚན་ལས་བརྟེན་ཏེ་ཨིན། དེ་ཡང་གནམ་དགུན་
འབྲུག་ཟླ་བཅུ་གཅིག་པའི་ཚེས་གང་རུང་གཅིག་ལུ་དགུན་གྱི་ཉིན་ལོག་འཕོག་ཞིནམ་ལས་ཉི་མ་བྱང་ལུ་ལོག་ནི་དང་།
ཉིནམ་དེ་ལས་འགོ་བཙུགས་ཏེ་ཉིནམ་རིངམ་དང་མཚན་མོ་མཐུང་ཀུ་སྦེ་འགྱོ་ནི་འགོ་བཙུགསཔ་ཨིན།
དེ་ལས་གནམ་བྱཱ་འབྲུག་ཟླ་ལྔ་པའི་ཚེས་གང་རུང་གཅིག་ལུ་གནམ་བྱཱ་གི་ཉིན་ལོག་འཕོག་ནི་དང་།
ཉིནམ་དེ་ལས་འགོ་བཙུགས་ཏེ་མཚན་མོ་རིངམ་སྦེ་འགྱོ་ནི་དང་། ཉིནམ་མཐུང་ཀུ་འགྱོ་ནི་འགོ་བཙུགསཔ་ཨིན།
དགུན་གྱི་ཉིན་ལོག་ལས་ཉིནམ་རིངམ་སྦེ་འགྱོ་ནི་འགོ་བཙུགསཔ་ཨིན་རུང་།
དེ་གི་སྐབས་ལས་ཉིན་མཚན་གཉིས་ལས་ག་རིང་ག་ཟེར་བ་ཅིན། མཚན་མོ་དེ་རང་རིངམ་ཨིན། དེ་ག་ཅི་སྦེ་ཨིན་ན་ཟེར་བ་ཅིན།
དེ་གི་སྐབས་ལུ་ཉིནམ་ལོག་ཚར་ཏེ་འབད་རུང་། ཉི་མ་ཁོ་རང་གི་གནས་ས་དེ་ལྷོ་ལུ་ཡོད་ནི་དེ་གིས་ཨིན།
དེ་ལས་འབྲུག་ཟླ་གཉིས་པའི་ནང་དཔྱིད་ག་ཉིན་མཚན་མཉམ་པ་ཟེར་བའི་དུས་ཅིག་འོང་ནི་ཡོད། དེ་གི་སྐབས་ལུ་ཉི་མ་ལྷོ་ལས་བྱང་ལུ་འགྱོ་བའི་ལམ་ཁར་
འཛམ་གླིང་གི་ཚངས་ཐིག་གུ་ལྷོད་ནི་དེ་གིས་ཉིན་མཚན་རིང་མཐུང་འདྲན་འདྲ་འགྱོཝ་ཨིན། དེ་གི་ནངས་པ་ལས་འབདནི་ཉིན་མཚན་གཉིས་ལས་ཉིནམ་དེ་རིངམ་འགྱོཝ་ཨིན།
༢༽
མ་འདྲ་བའི་ཁྱད་པར།
དེ་བཟུམ་སྦེ་བྱཱ་གི་ཉིན་ལོག་འགོ་བཙུགས་ཏེ་མཚན་མོ་རིངམ་སྦེ་འགྱོ་ནི་འགོ་བཙུགསཔ་ཨིན་རུང་།
དེ་གི་སྐབས་ལུ་ཉི་མ་བྱང་ལུ་ཡོད་ནི་དེ་གིས་ ཉིན་མཚན་གཉིས་ལས་ཉིནམ་དེ་རང་རིངམ་སྦེ་ཡོདཔ་ཨིན།
དེ་ལས་འབྲུག་ཟླ་དགུ་པའི་ནང་ ཁྲུས་འབབ་ཀྱི་དུས་ཚོད་དང་ཅིག་ཁར་ སྟོན་ཀ་ཉིན་མཚན་མཉམ་པའི་དུས་ཅིག་འོང་ནི་ཡོད།
དེ་གི་སྐབས་ལུ་ཉི་མ་བྱང་ལས་ལྷོ་ལུ་འགྱོ་བའི་ལམ་ཁར་ འཛམ་གླིང་གི་ཚངས་ཐིག་གུ་ལྷོད་ནི་དེ་གིས་
ད་རུང་ཡང་ཉིན་མཚན་རིང་མཐུང་འདྲན་འདྲ་ཚར་གཅིག་འོང་ནི་ཡོད། དེ་གི་ནངས་པ་ལས་ཉིནམ་མཐུང་ཀུ་དང་མཚན་མོ་རིངམ་སྦེ་འགྱོཝ་ཨིན།
༣༽
ཉིན་མཚན་རིང་མཐུང་ལག་པའི་ཆུ་ཚོད་ལུ་སྦྱར་ཐངས།
ཉིན་མཚན་རིང་མཐུང་ལག་པའི་ཆུ་ཚོད་ལུ་འཕབ་པ་ཅིན།
སྟོན་ཀ་ཉིན་མཚན་མཉམ་པའི་སྐབས་ལུ་ཉིན་མ་ཆུ་ཚོད་བཅུ་གཉིས་དང་། ཕྱི་རུ་ཡང་ཆུ་ཚོད་བཅུ་གཉིས་སྦེ་འདྲན་འདྲ་ཡོད་ནི་དང་།
དེ་གི་ནངས་པ་ལས་ ཉིནམ་རེ་རེ་ལུ་སྐར་མ་གཅིག་དང་ སྐར་ཆ་ཉི་ཤུ་རེ་གིས་ཉིནམ་མཐུང་ཀུ་འགྱོ་ནི་དང་།
སྐར་མ་གཅིག་དང་སྐར་ཆ་ཉི་ཤུ་རེ་གིས་མཚན་མོ་རིངམ་སྦེ་འགྱོ་སྟེ་ དགུན་གི་ཉིན་ལོག་གི་སྐབས་ལུ་
ཉིན་མ་ཆུ་ཚོད་བཅུ་ཐམ་དང་། མཚན་མོ་ཆུ་ཚོད་བཅུ་བཞི་དེ་ཅིག་ལུ་འཕར་ཏེ་འགྱོཝ་ཨིན།
དེ་བཟུམ་སྦེ་དཔྱིད་ཀ་ཉིན་མཚན་མཉམ་པའི་སྐབས་ལུ་ཉིན་མཚན་འདྲན་འདྲ་དང་།
དེ་གི་ནངས་པ་ལས་ཉིནམ་རེ་རེ་བཞིན་དུ་ སྐར་མ་གཅིག་དང་སྐར་ཆ་ཉི་ཤུ་གིས་ཉིནམ་དེ་རིངམ་སྦེ་འགྱི་ནི་དང་།
དུས་ཚོད་དེམ་ཅིག་གིས་མཚན་དེ་མཐུང་ཀུ་འགྱོཝ་ཨིན། དེ་སྦེ་རང་འགྱོ་ཞིནམ་ལས་ བྱཱ་གི་ཉིན་ལོག་གི་སྐབས་སུ་
ཉིན་མ་ཆུ་ཚོད་བཅུ་བཞི་དང་ མཚན་མོ་ཆུ་ཚོད་བཅུ་ཐམ་ལུ་མར་འབབ་འགྱོཝ་ཨིན།
No comments:
Post a Comment