Saturday, August 16, 2014

རཱ་ཧུ་རྣམ་བརྒྱད་དང་། སྐྱེས་རྩིས་ས་རིས།

རཱ་ཧུ་རྣམ་བརྒྱད།  
ཁྱིམ་གྱི་མཁར་ལས་ཟླ་བའི་ངེས་པ་མེད། །ཟླ་ཕྱེད་ས་བོན་ཕྱོགས་གཟའ་བག་མ་གཏོང༌།
ཚེས་ཀྱི་རིམ་གྲོ་རྩ་བ་དྲག་པོའི་ལས། །ཐུན་ཕྱེད་ཀུན་ལ་ཡུད་ཙམ་གཏད་ན་དགའ།

ཕྱོགས་གཟའ། ཉི་མ་ཕུར་ན་དཀར་པོའི་ཟླ། །དམར་པོ་ལྷག་ན་སྤེན་པའི་གདོང༌།
ཆར་བརྟག  རིམ་པར་སྐྱེས་ཟླ་རྒྱ་མཚོ་ངོགས། །རི་བོ་མཚམས་སྦྱོར་ཞེས་བྱ་བ།
གཅིག་གཅིག་གཉིས་བཞི་གཉིས་བཞི་ལས། །སྣར་མ་གང་དུ་བྱུང་བར་བརྟག
སྐྱེས་བརྟག  སྤྱི་ཁ་དཔུང་མགོ་མཁྲིག་མ་ལག །སྙིང་གི་ལྟེ་གསང་པུས་མོ་རྐང༌།
ཟླ་བའི་རྩེ་ལ་བགྲོད་ཟུང་འཁྲིད། །དབང་པོ་གཅིག་ལ་གཟུགས་གཉིས་སྦྲུལ།
འབྲི་བྱེད་གནས་སྐབས་བདེ་སྡུག་ཚངས་པར་བྲི། །སྐྱེ་ཕུན་ཟད་སོར་བསྒྲུབ་ངེས་བྱམས་ཕ་ཀུན།
ལམ་ཞུགས་སྦྲུལ་དེ་ཐ་སྐར་ནས། །སྟེང་རིམ་བ་གླང་གཅིན་ལྟར་བཀོད།
ཟླ་གནས་རྩ་བརྒྱུད་གཟའ་རྣམས་ནི། །དཔག་ཚད་སོགས་ལ་བགོད་བསྒྱུར་འཐོབ།
བྱེས་སོང་པད་མ་འགྲོ་ཉིན་ཟླ། །ཤར་ནས་ནང་བཞི་ཕྱི་ལ་གསུམ།
གཅིག་གཉིས་ལྔ་ལ་དོན་གྲུབ་ཅིང༌། །ཕྱོགས་རྩ་མཚམས་དཀྱིལ་དགྲ་མེད་དགེ།
ཡུལ་བཟུང་སྤེན་པ་རང་ཉིད་ལས། །མགོ་གསུམ་མིག་གཉིས་སྙིང་ལྔར་བཟང༌།
ནད་པའི་ཀླུ་འཁོར་ཟླ་སྐར་ནས། །ཁ་དང་ལྟེ་བ་དཔུང་པ་དགེ།
སེ་བའི་འཁོར་ལོ་བསྟེན་བྱ་ནས། །མགོ་རྒྱབ་སྙིང་དང་རྐང་པར་རོ།
བག་མར་འཁོར་བའི་ཤ་ལ་ཀ །བདུན་བཞིས་བསྒྱུར་བའི་ཉི་ཤུ་བརྒྱད།
སྤྱི་བོའི་མིག་དེ་ཁ་ལ་བལྟ། །མགྲིན་པར་ལག་གཉིས་ཐལ་མོ་སྦྱོ།
རྐང་པའི་གསང་བ་སྙིང་ལ་བསམ། །དཀར་པོ་ནས་བརྩམས་གསུམ་གསུམ་བཀོད།།
ཁ་སངས་སྤྱི་མེ་དཔྲལ་བར་ཟླ། །མིག་ཆུ་སྣ་གཅིག་རྣ་བར་ཟུང༌།
སྙིང་དབང་ལག་ཟུང་རྒྱབ་ཀྱི་སྡེ། །གསང་བའི་རྩེ་མོར་རྐང་པ་གཉིས།
བུ་མོར་སངས་ཀྱིས་འཁྱུད་པ་དང༌། །བདག་ཉིད་སྙིང་ལ་ཞུགས་པ་བཟང༌།
བག་རྩིས་ཉིམའི་སྐར་མ་དེ། །མགོ་ནས་སྤེལ་མའི་ཚུལ་དུ་བཀོད།
བུ་ཚ་མང་ན་ལྷག་པ་ནས། །དམག་དཔོན་བཞི་པོར་རེ་རེར་བྱིན།
ཡུག་ས་སྤྱེ་ཅང་ཟླ་སྐར་དང༌། །ནད་བརྟག་སྦྲུལ་འཁོར་པ་སངས་ནས།
བག་མར་དར་འཁོར་ཉི་སྐར་སྟེ། །ཤར་བྱང་སྲིན་དབང་བཟང་བ་ཡྀན།
ཁྱོ་ཤུག་གཉེན་གྲོགས་རིགས་གསུམ་འཁོར། །བུ་བཙའ་བྲེ་ཡི་ཅ་ཀྲས་རྫོགས།


ནམ་ལངས་ནས་ནི་བཙས་བར་གྱི། །འདས་པའི་ཆུ་ཚོད་གནས་གཉིས་བཀོད།།
གཅིག་ལ་མིག་བསྒྱུར་མཁའ་རོ་ཡིས། །འཐོབ་པ་ཆུ་ཚོད་ལྷག་མ་སྲང༌།།
དེ་ནི་གཅིག་ཤོས་ལས་ཕྲི་ནས། །སྐྱེས་ཉིན་ཟླ་སྐར་སྟེང་དུ་བསྣན།།
འཁོར་ལོ་ལོངས་ན་བསྒྲིལ་བའི་ཚོགས། །བཙས་པའི་ཁྱིའུ་ཡི་སྐྱེས་སྐར་ཡིན།།
སྐྱེས་སྐར་ཆུ་ཚོད་མཁའ་རོས་བསྒྱུར། །ཆུ་སྲང་ཡར་བསྲེས་དུས་ཀྱིས་བསྒྱུར།།
དབུགས་བསྲེས་མཁའ་སྐར་གྱིས་ཐོབ་པ། །ལོ་ཡི་ཚོགས་སོ་ལྷག་མ་རྣམས།།
ཁྱིམ་གྱིས་བསྒྱུར་ཐོབ་ཟླ་བ་དང༌། །མཁའ་མེས་ཞག་དང་མཁའ་རོས་དབྱུག།
ལོ་ཟླ་ཞག་དང་ཆུ་ཚོད་རྣམས། །གནས་གཉིས་གཅིག་གིས་བརྒྱ་ལས་སྦྱངས།།
ལྷག་མ་སྐྱེས་བུའི་ཚེ་ཚད་དང༌། །གཅིག་ཤོས་འདས་ཐོབ་འཆི་བསླུའི་ལོ།།
སྐྱེས་བུའི་ཚེ་ལོ་མཁའ་ཉིས་བགོས། །ལྷག་རྣམས་ཟླ་ཞག་དབྱུག་སྲང་བར།།
བསིལ་བསྣན་རིམ་པར་བགོས་པའི་ནོར། །གཟའ་དགུ་ཀུན་གྱི་སྤྱི་དྲུ་ཡིན།།
ཉི་མཚམས་ཟླ་ཕྱོགས་དམར་པོའི་གཟའ། །གདོང་སྐྱོན་བླ་མ་མི་བདག་དེ།།
དལ་བའི་རྩ་གཟུགས་ལྷག་ལ་གནས། །འཇུག་གི་རི་བོ་སངས་ཉི་ཤུ།།


སྐར་མའི་རེའུ་མིག་བལྟས་ནས་ནི། །སྐྱེས་སྐར་བདག་གཟའ་ཐོག་མར་བཟུང༌།།
དེ་ནས་རང་རང་བསྒྱུར་བྱེད་ཀྱིས། །སྤྱི་དྲུ་རྣམས་ནི་རིམ་བཞིན་བསྒྱུར།།
གོང་དུ་བསྒྲིལ་བའི་ཚོགས་དེ་ནི། །གཟའ་དགུ་རང་རང་སྤྱོད་ཚད་དང༌།།
དེ་ཀུན་བསྡོམས་པའི་ཚོགས་དེ་ནི། །སྐྱེ་བོ་དེ་ཡི་ཚེ་ཚད་ཡིན།།
ཕྲ་བ་གྱ་གཅིག་བྱ་འདོད་ན། །མཁའ་ཉིའི་བགོ་གཞི་ཚེ་ལོའི་ཚབ།
གཟའ་རང་དབང་ཚད་ལོ་བཞག་ནས། །སྤྱི་དྲུ་བཟོས་མཐར་སྒྱུར་སོགས་མཚུངས།

ཆུ་ཚོད་ཚེས་ནས་ལྡབ་འགྱུར་འཕེལ། །ཞག་གཅིག་ལོན་ནས་སོ་གསུམ་བར།།
རིམ་པར་དགོས་ཀྱང་དམིགས་གསལ་ནི། །ལྔ་ནས་ལྔ་ལྔ་དེ་ཉིད་བར།།
མཁའ་རོ་རྩ་ཕྱེད་ཕྱེད་གསུམ་ཕྱེད། །རྒྱལ་གཉིས་ཕྱེད་ཕྱེད་ཞག་གཉིས་ཕྱེད།།
དབང་གཉིས་ཟུང་ནས་ཟླ་བ་གསུམ། །བཅུ་དྲུག་ནས་བཟུང་ཞག་ནས་མེད།།
ཞག་ཟླ་ལོ་ཚོགས་མས་ནས་ཡར། །གཅིག་གཉིས་གསུམ་འདྲ་དེ་སྟེང་རིམ།།
དབང་ཕྱོགས་ཚེས་དང་ཞིམ་པའི་རོ། །བཞི་ནས་གཉིས་རེ་གོང་དུ་འཕེལ།།
12/9/2008 5:40 PM


No comments: