༄༅། །མཁྱེན་རབ་དབང་ཕྱུག་འཇམ་དཔལ་དབྱངས།
།བདག་བློ་པདྨོའི་ཟེའུ་འབྲུར་ཞུགས།།
དགོས་མེད་ལོ་འདབ་རྒྱས་ན་ནི།
།རལ་གྲི་རྐྱོང་ནས་གཅོད་དུ་གསོལ།།
ཚེས་རབས་ལས་ཀྱི་རྩིས་འདི་ལ།
།དགོས་པའི་དོན་རྣམས་འདི་ལྟ་སྟེ།།
སྐར་རྩིས་གཞུང་ལས་བྱུང་བ་ཡི།།
༼༡་༥༽གཟའ་ཚེས་སྐར་སྦྱོར་བྱེད་པའི་འབྲས།།
༼༦༽ ནག་རྩིས་རྡེལ་འགྲེམ་འགྲེལ་བཤད་དང་།།
༼༧་༡༣༽ལོ་ཟླ་ཞག་དུས་སྤར་སྨེ་ཀླུང་།།
༼༡༤་༡༥༽གཉིས་འདྲེས་དུས་སྦྱོར་སྐྱེས་བརྟག་གཉིས།།༼༡༦༽དབྱངས་འཆར་གཟའ་དགུས་སྤྱོད་པའི་རྩིས། །
༼༡༧༽ཆོས་དང་འབྲེལ་བའི་མཁའ་འགྲོའི་མིང་།
།དོན་ཚན་བཅུ་བདུན་ཚང་ན་རབ།།
རྩིས་ལ་སྐར་ནག་དབྱངས་གསུམ་ལས། ༡༽
སྐར་རྩིས་ལ་ཡོངས་སུ་གྲགས་པ་ནི་གཟའ། ཚེས། སྐར་མ། སྦྱོར་བ།
བྱེད་པ་དང་བཅས་པའི་ལྔ་བསྡུས་ཀྱི་འགྲེལ་བཤད་དགོས་པ་ཡིན་ན་ཡང་།
འབྲུག་ཡུལ་འདིའི་རྩིས་པ་རྣམས་ཀྱིས་སྦྱོར་བ་དང་བྱེད་པའི་འགྲེལ་བཤད་བཀོད་སྲོལ་མི་འདུག་པས།
གཟའ་ཚེས་སྐར་མ་གསུམ་གྱིས་འཐུས་པར་བྱས། ༢༽ ནག་རྩིས་ལས་བྱུང་བའི་རྡེལ་འགྲེམ་རྣམས་ཀྱི་འགྲེལ་བཤད་དང་།
གཞན་ཡང་རྡེལ་འགྲེམ་མི་དགོས་པར་ཐད་ཀར་འགྲེལ་བཤད་རྒྱབ་རྒྱུ་ཡོད་པའི་ལོ། ཟླ་བ། ཞག
དུས་ཚོད། སྤར་ཁ། སྨེ་བ་དང་བཅས་པའི་སྟེང་དུ། ༣༽
སྐར་རྩིས་དང་དབྱངས་འཆར་འདྲེས་པའི་དུས་སྦྱོར་དང་། སྐྱེས་བརྟག་འཁོར་ལོ་གཉིས། ༤༽
དབྱངས་འཆར་ལས་བྱུང་བའི་གཟའ་དགུ་སྟོང་ལེན་ནམ། གཟའ་དགུའི་ཚེ་རྩིས་དང་། ༥༽
ཆོས་དང་འབྲེལ་བའི་མཁའ་འགྲོའི་མིང་དང་བཅས་སྟེ་དོན་ཚན་བཅུ་བདུན་ཚང་ན་རབ་དང་།
དེ་ལྟར་མིན་ན་ཡང་རང་གིས་གང་ལྕོགས་ཀྱི་འགྲེལ་བཤད་ཙམ་གྱིས་འཐུས་པར་བྱས་ན་ཡང་འགྲིག།
ཐོག་མར་སྐར་རྩིས་ཀྱི་རིམ་པ།
གཟའ་ཚེས་སྐར་མ་གསུམ་པོ་འདི།
།ཟླ་ཐོ་ནང་ནས་བླང་བར་བྱ།།
ཐོག་མར་གཟའ་ཚེས་སྐར་མ་གསུམ་པོ་ཟླ་ནས་ཐད་ཀར་ལེན་རྒྱུ་ཡོད་པ་ཡིན་ན་ཡང་།
ཚེས་དང་སྐར་མ་གཉིས་པོ་བུ་ཆུང་སྐྱེས་པའི་དུས་ན་འདས་དང་མ་འདས་བརྟག་དགོས།
དེ་གཉིས་ཀྱི་སྐོར་ཟླ་ཐོ་ལྡེ་མིག་ལས་ཤེས་པར་བྱ།
གཉིས་པ་ནག་རྩིས་ཀྱི་རིམ་པ་ལས་ཐོག་མར་རྡེལ་འགྲེམ།
དེ་ཡང་ཐོག་མར་སྲོག་ལུས་དབང་ཀླུང་གི་གཅེས་པའི་རྡེལ་བཞི་དང་།
གཉིས་པ་དེ་དག་ཕན་ཚུན་འཐབ་པའི་རྡེའུ། གསུམ་པ་མེད་དུ་མི་རུང་བའི་རྡེའུ།
བཞི་པ་དར་གུད་ཀྱི་རྡེའུ་བཅས་རྡེའུ་སྡེ་ཚན་བཞིའོ།།
དང་པ་གཅེས་པའི་རྡེའུ་བཞི་བོར་ཚུལ།
བརྩི་བྱའི་སྲོག་ལུས་དབང་ཀླུང་གིས།
།ལོ་ཟླ་ཞག་དུས་བཞི་པོ་ཡི།།
སྲོག་གིས་སྲོག་དང་ལུས་ཀྱིས་ལུས།
།ལ་སོགས་འཐབ་པའི་རྡེ་འུ་བཞི།།
གནམ་ལོ་ཆུ་འབྲུག་ཟླ་བ་གཉིས་པའི་ཚེས་གཉིས།
མཚན་མོ་ཆུ་ཚོད་༡༠དང་སྐར་མ་ལྔ།
སྦྱོང་བརྡར་གྱི་ཆེད།
བརྩི་བྱ།
|
འཐབ་ཟླ་ལོ་ཟླ་ཞག་དུས་བཞིའི་སྲོག་སོགས་ངོས་འཛིན།
|
རྡེའུ།
| ||
སྲོག
| ||||
ལུས།
| ||||
དབང་།
| ||||
ཀླུང་།
|
གཉིས་པ་ནང་གསེས་ཕན་ཚུན་གྱི་རྡེའུ་ཉེར་བཞི་བོར་ཚུལ།
སྲོག་ལུས་དབང་ཀླུང་རེ་རེ་ཡིས།
།གཞན་གསུམ་འཐབ་རྡེལ་བཅུ་གཉིས་དང་།།
ལྡོག་འཐབ་རྡེ་འུ་བཅུ་གཉིས་སྟེ།
།བསྡོམས་ན་ཉི་ཤུ་རྩ་བཞི་བོར།།
ཐོག་མར་སྲོག་གིས་ལུས་དབང་ཀླུང་གསུམ་ལ་འཐབ་པའི་རྡེའུ་གསུམ།
དེ་བཞིན་ལུས་དབང་ཀླུང་གིས་ཀྱང་གཞན་གསུམ་ལ་འཐབ་པའི་རྡེའུ་གསུམ་གསུམ་སྟེ་བཅུ་གཉིས་དང་།
དེ་ནས་དེ་དག་གསུམ་གསུམ་གྱིས་སྲོག་ལ་ཕར་འཐབ་རྡེའུ་བཅུ་གཉིས་སྟེ་བསྡོམས་ན་ཉི་ཤུ་རྩ་བཞིའོ།།
༼འགྲེལ་བཤད་ཀྱི་སྐབས་སུ་བཅད་པ་ཞེས་པ་ནི་རྡེའུ་ནག་པོ་དང་།
བསྐྱེད་པ་ཞེས་པ་ནི་རྡེའུ་དཀར་པོར་གོ་དགོས་ཤིང་།
འོག་གི་རེའུ་མིག་དང་པོའི་ནང་ཀླུང་གིས་སྲོག་ལུས་དབང་གསུམ་ལ་འཐབ་པའི་ཚེ་རྡེའུ་གསུམ་ཀ་དཀར་པོ་ཡིན་པས།
སྲོག་ལུས་དབང་གྱིས་ཀླུང་རྟ་བསྐྱེད་པ་དང་།
དེ་བཞིན་རེའུ་མིག་གཉིས་པའི་ནང་ལུས་དབང་གི་རྡེའུ་ཆ་ཚང་དཀར་པོ་ཡིན་པས།
ལུས་ཀྱིས་སྲོག་དབང་ལུས་གསུམ་བསྐྱེད་པ་དང་།
དེ་བཞིན་དབང་ཐང་གིས་སྲོག་ལུས་ཀླུང་གསུམ་བསྐྱེད་པ་ཡིན།
ལུས་དབང་ཀླུང་གསུམ་གྱིས་སྲོག་ལ་འཐབ་པའི་ཚེ་རྡེའུ་དང་པོ་གཉིས་ནག་པོ་བབས་འདུག་པས།
སྲོག་གིས་ལུས་དབང་ལ་བཅད་པ་ཡིན།
ནང་གསེས་ཀྱི་རྡེའུ་དེ་དག་གསུམ་ཚན་བརྒྱད་ཡོད་ལ།
གསུམ་ཚན་ནང་གསེས་རྡེའུ་གསུམ་རེ་ཡོད་པའི་གསུམ་ཀ་ནག་ན་བཟང་པོ་མི་འོང་བ་ཡིན།༽
སྦྱོང་བརྡར་གྱི་ཆེད།
རེའུ་མིག་དང་པོ།
|
རེའུ་མིག་གཉིས་པ།
|
|||||||||
འཐབ་བྱེད་སྲོག་སོགས་བཞི།
|
འཐབ་ཟླ་གཞན་གསུམ།
|
རྡེའུ།
|
འཐབ་བྱེད་གཞན་གསུམ།
|
འཐབ་ཟླ་སྲོག་སོགས་བཞི།
|
རྡེའུ།
|
|||||
སྲོག
|
ལུས།
|
ལུས།
|
སྲོག
|
|||||||
དབང་།
|
དབང་།
|
|||||||||
ཀླུང་།
|
ཀླུང་།
|
|||||||||
ལུས།
|
སྲོག
|
སྲོག
|
ལུས།
|
|||||||
དབང་།
|
དབང་།
|
|||||||||
ཀླུང་།
|
ཀླུང་།
|
|||||||||
དབང་།
|
སྲོག
|
སྲོག
|
དབང་།
|
|||||||
ལུས།
|
ལུས།
|
|||||||||
ཀླུང་།
|
ཀླུང་།
|
|||||||||
ཀླུང་།
|
སྲོག
|
སྲོག
|
ཀླུང་།
|
|||||||
ལུས།
|
ལུས།
|
|||||||||
དབང་།
|
དབང་།
|
མེད་དུ་མི་རུང་བའི་རྡེའུ་གཉིས།
ཁ་ཡན་ཁོང་ནོང་རྡེལ་དཀར་དང་།
།སེ་ཤིག་འདུན་ཁུར་ནག་པོ་འོ།།
ཁ་རལ་དཀར་ནག་ཕྱེད་མ་དང་།
།བརྩི་བའི་དུས་དེར་རྡེལ་དཀར་གཅིག།
ཁ་ཡན།
ཁོང་ནོང་། སེ་ཤིག འདུན་ཁུར་དང་། ཁ་རལ་གང་ཡིན་གྱི་རྡེའུ་གཅིག་དང་། རྩིས་པས་སྐྱེས་རྩི་བརྩི་བའི་དུས་ཚོད་གང་ཡིན་གྱི་རྡེའུ་གཅིག་སྟེ་རྡེའུ་གཉིས་བཞག་དགོས།
ཁ་ཡན་སོགས་གང་ཡིན་འོག་གི་རེའུ་མིག་ལ་ལྟོས།
ཁ་ཡན
|
ཆུ་བྱི།
|
ས་གླང་།
|
ཤིང་སྟག་ཡོས།
|
ས་འབྲུག
|
མེའི་རྟ་སྦྲུལ།
|
ས་ལུག
|
ལྕགས་བྱ་སྤྲེལ།
|
ས་ཁྱི།
|
ཆུ་ཕག
|
ཁོང་ནོང་།
|
ལྕགས་བྱི།
|
མེ་གླང་།
|
ཆུ་སྟག་ཡོས།
|
མེ་འབྲུག
|
ཤིང་རྟ་སྦྲུལ།
|
མེ་ལུག
|
སའི་བྱ་སྤྲེལ།
|
མེ་ཁྱི།
|
ལྕགས་ཕག
|
སེ་ཤིག
|
ཤིང་བྱི།
|
ལྕགས་གླང་།
|
མེའི་སྟག་ཡོས།
|
ལྕགས་འབྲུག
|
སའི་རྟ་སྦྲུལ།
|
ལྕགས་ལུག
|
ཆུའི་བྱ་སྤྲེལ།
|
ལྕགས་ཁྱི།
|
ཤིང་ཕག
|
ཁ་རལ།
|
མེ་བྱི།
|
ཆུ་གླང་།
|
སའི་སྟག་ཡོས།
|
ཆུ་འབྲུག
|
ལྕགས་རྟ་སྦྲུལ།
|
ཆུ་ལུག
|
ཤིང་གི་བྱ་སྤྲེལ།
|
ཆུ་ཁྱི།
|
མེ་ཕག
|
འདུན་ཁུར།
|
ས་བྱི།
|
ཤིང་གླང་།
|
ལྕགས་སྟག་ཡོས།
|
ཤིང་འབྲུག
|
ཆུའི་རྟ་སྦྲུལ།
|
ཤིང་ལུག
|
མེའི་བྱ་སྤྲེལ།
|
ཤིང་ཁྱི།
|
ས་ཕག
|
བརྩ་བའི་དུས། ཤིང་རྟ་ཟླ་༧པའི་ཚེས་༡༣ཕྱེད་ཡོལ་ཆུ་ཚོད་༥། ཤིང་རྟ། ཤིང་ཁྱི། ས་སྟག ཆུ་བྱ།
སྲོག་སོགས་བཞི་ཡིས་སྐྱེས་དུས་ཀྱི།
།ལོ་ཟླ་ཞག་དུས་བཞི་པོ་ལ།།
འཐབ་པའི་དར་གུད་རྡེ་འུ་བཞི།
།བཟང་དྲུག་རྡེལ་དཀར་ངན་དྲུག་ནག།
བརྩི་བྱའི་སྲོག་ལུས་དབང་ཀླུང་བཞི་པོས་སྐྱེས་པའི་དུས་ཀྱི་ལོ་ཟླ་ཞག་དུས་བཞི་ལ་འཐབ་པའི་དར་གུད་ཀྱི་རྡེའུ་བཞི་ལ་ངན་འབྲས་གང་ཡིན་འོག་གི་རེའུ་མིག་བཀོད་པ་ལྟར་འགོད་རྒྱུ་དང་།
བཟང་དྲུག་ངན་དྲུག་གི་རྡེའུ་ཀྱང་བཀོད་པར་བྱའོ།།
བཟང་པོའི་རབ།
|
བཟང་པོའི་འབྲིང་།
|
བཟང་པོའི་ཐ།
|
ངན་པའི་རབ།
|
ངན་པའི་འབྲིང་།
|
ངན་པའི་ཐ།
| ||||||
དར་བ།
|
ལས་བྱེད།
|
ཁྲུས་བྱེད།
|
གོས་གྱོན།
|
ལུས་རྫོགས།
|
བཙས་པ།
|
དབུགས་ལེན།
|
མངལ་གནས།
|
གུད་པ།
|
ན་བ།
|
ཤི་བ།
|
དུར་ཞུགས།
|
གཏེར་ཆེན་རྙེད།
|
རྒྱུན་རིང་བ།
|
བསམ་གྲུབ།
|
གསོ་ཐུབ།
|
བདེ་ལྡན།
|
ལོངས་སྤྱོད་ཚེ་ཐོབ།
|
སྐལ་ཟད།
|
བྱུར་ངན་ལྷུང་།
|
བྱེ་བྲལ།
|
ཕུང་གྱོད།
|
གཡང་ཉམས།
|
རྒྱུན་ཆད།
|
སྦྱོང་བརྡར་གྱི་ཆེད།
བརྩི་བྱ་ཆུ་འབྲུག
|
ལོ་ཟླ་ཞག་དུས།
|
དར་གུད།
|
ངན་འབྲས།
|
རྡེའུ།
|
|
སྲོག
|
|||||
ལུས།
|
|||||
དབང་།
|
|||||
ཀླུང་།
|
འབྱུང་རྩིས་ལོ་ཟླ་ཞག་དུས་དང་།
།སྐྱེས་སྤར་སྐྱེས་སྨེ་དང་བཅས་འགོད།།
ལོ་ཟླ་ཞག་དུས་འདི་ཡང་སྐར་རྩིས་ནས་བྱུང་བ་དེ་དག་མིན་པར་གནམ་ལོ་འབྲུག
ཟླ་བ་སྦྲུལ། ཞག་བྱ།
དུས་ཚོད་ཕག་ཅེས་པ་ལྟ་བུའི་འབྱུང་རྩིས་ཀྱི་ཁམས་དང་སྦྱར་བའི་ལོ་རྟགས་ཀྱི་ལོ་ཟླ་ཞག་དུས་བཀོད་དགོས།
དེ་ནས་སྤར་ཁ་སྐྱེས་སྤར་དང་། སྨེ་བ་སྐྱེས་སྨེའམ་གནམ་ལོའི་སྨེ་བ་བཀོད་དགོས།
བཙས་རླུང་རྒྱ་མཚོའི་རྩིས་བཞུགས་སོ།
༈
དེ་ནས་ལྷ་དཔལ་འདྲེ་བདུད་བཤད། །མཐུན་པར་བཙས་པ་ཚེ་ཡི་བུ།།
བུར་གྱུར་བཙས་པ་དཔལ་གྱི་བུ།
།མར་འགྱུར་བཙས་པ་ལྷ་ཡི་བུ།།
གྲོགས་འགྱུར་བཙས་པ་འདྲེ་ཡི་བུ།
།དགྲ་འགྱུར་བཙས་པ་བདུད་ཀྱི་བུ།།
དེ་ཡང་ལེགས་བཤད་དངུལ་གྱི་མེ་ལོང་ལྟར་བཤད་ན།
ཕ་མའི་སྲོག་ཁམས་དང་བུ་ཚའི་སྲོག་ཁམས་བར་གྱི་འབྲེལ་བ་བརྩི་བ་སྟེ།
ཕ་མའི་སྲོག་ཤིང་ཁམས་ཡིན་པའི་ལོ་རྟགས་སྟག་ཡོས་གང་རུང་ལ།
བུ་ཚ་སྟག་ཡོས་ལོ་པ་གང་རུང་སྐྱེས་ན་སྲོག་ཁམས་མཐུན་པའི་དབང་གིས།
མཐུན་པར་བཙས་པ་ཚེའི་བུ་ཞེས་བྱ་བ་དང་། མཐུན་པར་བཙས་པ་འདི་ལ་དཀའ་ངལ་མི་འདུག་མོད།
གཞན་རྣམས་ཀྱི་སྐབས་སུ་མ་བུ་དགྲ་གྲོགས་འདི་
ཕ་མས་བུ་ཚ་ལ་བརྩི་རྒྱུ་མིན་པར་བུ་ཚས་ཕ་མ་ལ་བརྩི་དགོས་འདུག
དེས་ན་ཕ་མ་སྟག་ཡོས་ལོ་པ་ལ་བུ་ཚ་རྟ་སྦྲུལ་གང་རུང་སྐྱེས་ན།
བུ་ཚའི་སྲོག་ཁམས་མེ་ནས་ཕ་མའི་སྲོག་ཁམས་ཤིང་ལ་བརྩི་བའི་ཚེ། མེ་མ་ཤིང་ཡིན་པས།
མ་གྱུར་བཙས་པ་ལྷའི་བུ། ཞེས་བྱ་བ་ཡིན། འདི་ལ་དཀའ་ངལ་ཕྲད་ཀྱི་འདུག་ན་རེའུ་མིག་བཟོས་ནས་བརྩི་ན་ཕན།
བུ་ཚ་སྟག
|
ཕ་མ་བྱི་བ།
|
གྲུབ་འབྲས།
|
ཤིང་།
|
ཆུ། ༼ ཤིང་མ་ཆུ།༽
|
ཕ་མ་ལྷ།
|
༼རྩིས་པ་རྣམས་ཀྱིས་བཙས་ཀླུང་འདིའི་ནང་དོན་མ་གོ་བར་འགྲེལ་བཤད་རྫུན་པ་ཇི་ཙམ་རྒྱབ་ཡོད་པ་ནི་ངས་མི་ཤེས།[1] འདི་ནི་ཕ་མའི་ལོ་རྟགས་དང་།
བུ་ཚའི་ལོ་རྟགས་ལ་བལྟ་རྒྱུ་མིན་པར་ བུ་ཚའི་སྲོག་ལུས་དབང་ཀླུང་དང་། མའི་བབས་སྤར་རམ་བུ་ཚའི་སྐྱེས་སྤར་བར་གྱི་འབྲེལ་བ་ཞིག་ཡིན་འདུག
དེའང་བཻ་དཀར་ནང་། བུ་ཚའི་སྲོག་ལུས་དབང་ཀླུང་དང་སྤར་ཁ་སྦྱར་བའི་འགྲེལ་བཤད་དང་།
སྨེ་བ་དང་སྦྱར་བའི་འགྲེལ་བཤད་གསུངས་འདུག་པ་མ་ཟད།[2]
འབྱུང་རྩིས་ཟླ་ཟེར་ནང་འདི་འདྲ་གསུངས་འདུག
བུ་ཚའི་སྲོག་ལུས་དབང་ཀླུང་བཞིས།
།རང་སྐྱེས་སྤར་སྨེ་གཉིས་ལ་འཐབ། །རྡེལ་རྩར་མ་འདྲེས་སོ་སོར་སྒྲིགས།
།མ་དང་འཕྲད་ན་ཕ་མ་ལྷ། །བུ་དང་འཕྲད་ན་བུ་ཚ་དཔལ། །གྲོགས་དང་འཕྲད་ན་ཐུབ་པ་འདྲེ།
།དགྲ་དང་འཕྲད་ན་མི་ཐུབ་བདུད། །རང་ནང་འཕྲད་པ་མཐུན་པ་ཚེ།།[3]
ཞེས་གསུངས་པའི་ནང་དོན་རྡེའུ་བོར་ཚུལ་བཤད་ན།༽
༼མ་ལོ་༢༦ས་ཡོས་ལོ་པ་དང་། ༢༠༡༢ལོར་སྐྱེས་པའི་བུ་ཆུ་འབྲུག་ལོ་པ་གཉིས་ཀྱི་རྡེལ་འགྲེམ།༽
བརྩི་བྱ་ཆུ་འབྲུག
|
སྐྱེས་སྤར་ཁེན་གནམ།
|
སྤར་ཁའི་འབྲས་བུ།
|
རང་སྨེ་༦དཀར།
|
སྨེ་བའི་འབྲས་བུ།
|
|
སྲོག
|
ས།
|
ས།
|
མཐུན་པ་ཚེ།
|
ལྕགས།
|
བུ་ཚ་དཔལ།
|
ལུས།
|
ཆུ།
|
ས།
|
མི་ཐུབ་བདུད།
|
ལྕགས།
|
ཕ་མ་ལྷ།
|
དབང་།
|
ཆུ།
|
ས།
|
མི་ཐུབ་བདུད།
|
ལྕགས།
|
ཕ་མ་ལྷ།
|
ཀླུང་།
|
ཤིང་།
|
ས།
|
ཐུབ་པ་འདྲེ།
|
ལྕགས།
|
མི་ཐུབ་བདུད།
|
༼དེས་ན་ལེགས་བཤད་དངུལ་གྱི་མེ་ལོང་ནང་ཡོད་པ་འདི་
ལེགས་ཚོ་བདེ་སྐྱིད་དཔལ་སྟེར་ནང་དུའང་འདྲ་བཤུས་རྒྱབ་ནས་ནོར་བ་རྒྱུན་འབྱམས་སོང་བ་རྣམས་
རང་གིས་དག་བཅོས་གྱིས།༽
[1] ལེགས་བཤད་དངུལ་གྱི་མེ་ལོང་། ཅིཏྟའི་མིང་ཅན། ༼ཉེར་མཁོའི་རྩི་དཔེ་ཕྱོགས་བསྡུས།
ཤོག་གྲངས། ༡༢༦༽ ཀེ་ཨེམ་ཊི། རྟ་སྦྲུལ་བྱུང་ན་དཔལ་གྱི་བུ་ཡིན། ཟེར་བ་དེ་ ཕ་མ་རྟ་སྦྲུལ་དང་བུ་ཚ་རྟ་སྦྲུལ་ཁམས་མཐུན་ཡིན་པས་
ཚེའི་བུ་ཡིན་རྒྱུ་ལ་དཔལ་གྱི་བུ་ཟེར་ཡིག་ནོར་མིན་ནམ་སྙམ། དེ་བཞིན་གླང་ལུག་བྱི་ཕག་བྱུང་ན་དཔལ་གྱི་བུ་སོགས་ཀྱང་དཔྱད་གཞི་ཆེ།
[2] བཻ་དཀར་སྟོད་ཆ། ཤོག་གྲངས། ༢༩༤ ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཀྲུང་གི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
[3] འབྱུང་རྩིས་ཟླ་ཟེར། ལོ་ཆེན་དྷརྨ་ཤྲཱི། ༼རྣམ་རིག་སྐར་རྩིས།
ཤོག་གྲངས། ༢༥༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤
སྐར་རྩིས་དང་དབྱངས་འཆར་འདྲེས་པའི་སྐར་ཁྱིམ་དང་དུས་སྦྱོར་འབྲས་བུ།
ཟླ་འདིའི་ཁྱིམ་བསླེབས་བརྟག་ནས་ནི།
།ཁྱིམ་འདིའི་འགྲེལ་བཤད་བྱེད་དང་གཅིག།
སྐར་ཁྱིམ་དང་དུས་སྦྱོར་གྱི་སྐབས་སུ་ཤེས་དགོས་པ་ཞིག་ནི།
རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་རྒྱ་ཁྱོན་ཇི་ཙམ་ཡོད་པ་དེ་དག་དུམ་བུ་བཅུ་གཉིས་ལ་བགོས་པའི་དུམ་བུ་རེ་ལ་སྐར་ཁྱིམ་རེ་རེ་བརྩི་བ་ཡིན།
སྐར་ཁྱིམ་འདི་དག་གི་མིང་ལ་ལུག་གླང་འཁྲིག་པ་ལ་སོགས་པ་བཏགས་པ་ནི། སྐར་མ་རང་གི་ངོས་ནས་ལུག་དང་འདྲ་བ་ཡོད་པ་མིན་ན་ཡང་རྟོག་བཟོའི་སྒོ་ནས་སྐར་མ་ལ་ཐིག་འཐེན་ནས་ལུག་དང་གླང་ལ་སོགས་པ་དང་འདྲ་བར་བཟོས་ནས་མིང་དེ་ལྟར་བཏགས་པ་ཙམ་ཞིག་ཡིན།
སྐར་རྩིས་ཀྱི་ལོ་འགོ་ཟླ་བ་གསུམ་པ་ནས་ཡིན་ལ།
ཟླ་བ་གསུམ་པ་ལུག་གི་ཁྱིམ་ནས་འགོ་བཙུགས་ཏེ་ཟླ་བ་གཉིས་པའི་བར་དུ་ཟླ་གྲངས་དང་ཁྱིམ་གྲངས་རིམ་པ་བཞིན་དུ་བཞག་པ་གཤམ་གསལ་རེའུ་མིག་ལྟར་ཡིན།
ཟླ་བ།
|
༣
|
༤
|
༥
|
༦
|
༧
|
༨
|
༩
|
༡༠
|
༡༡
|
༡༢
|
༡
|
༢
|
སྐར་ཁྱིམ།
|
ལུག
|
གླང་།
|
མཁྲིག་པ།
|
ཀརྐ་ཊ།
|
སེངྒེ།
|
བུ་མོ།
|
སྲང་།
|
སྡིག
|
གཞུ།
|
ཆུ་སྲིན།
|
བུམ་པ།
|
ཉ།
|
འདི་ནི་རགས་པའི་ཆ་ནས་ཟླ་བ་གསུམ་པའི་ནང་ཉི་མ་ལུག་གི་ཁྱིམ་དུ་ཡོད་དགོས་པའི་དོན་ཡིན།
ཡིན་ན་ཡང་ཉི་མ་ལུག་ཁྱིམ་དུ་ཟླ་བ་གསུམ་པའི་ཚེ་གྲངས་ཇི་ཙམ་ན་འབྱོར་བ་དེ།
ཟླ་ཐོ་ནང་གི་ཟླ་བ་གང་ཡིན་འདིའི་འགྲེལ་བཤད་ཀྱི་སྐབས་སུ་ཟླ་འདིའི་ཁྱིམ་བསླེབས་ཀྱི་ཚེས་གྲངས་བཀོད་པ་དེར་བལྟ་དགོས།
དཔེར་ན་ཟླ་བ་གསུམ་པའི་ཁྱིམ་བསླེབས་ཚེས་བདུན་ནས་ཡིན་པ་དང་།
སྐྱེས་དུས་ཚེས་ལྔ་ལྟ་བུ་ཡིན་ན་ཉི་མ་ཉ་ཁྱིམ་ནང་ཡོད་དགོས་པ་དང་ཉ་ཁྱིམ་དེའི་འགྲེལ་བཤད་རྒྱབ་དགོས།
ཡང་ཟླ་བ་འདིའི་ཚེས་༢༨ལྟ་བུ་ཞིག་ལ་ཉི་མ་གླང་ཁྱིམ་དུ་བསླེབས་ཟིན་པ་དང་།
༢༩ལ་ཕྲུ་གུ་བཙས་ན་ཟླ་བ་གསུམ་པ་ཡིན་ཀྱང་གླང་ཁྱིམ་གྱི་འགྲེལ་བཤད་རྒྱབ་དགོས་པ་དེ་དག་སྤྱིར་བཏང་སྐར་ཁྱིམ་གང་ཡིན་གྱི་འགྲེལ་བཤད་ཙམ་ཞིག་ཡིན།
ཏཏྐཱལ་དུས་སྦྱོར་བཅུ་གཉིས།
༼ཏཏྐཱལ། Tatkaal
ཞེས་པ་འདིའི་དུས་ཞེས་པའི་དོན་ཡིན།༽
དུས་སྦྱོར་གྱི་རྩི་འདི་རྙོག་དྲག་ཆེ་ཤོས་ཅིག་ཡིན།
འདི་ཡང་རབ་བྱུང་ན་སྐར་རྩིས་ནས་བྱུང་བའི་དུས་སྦྱོར་གྱི་རི་མོ་ལྟར་དུ་རྒྱབ་དགོས།
དེ་ལྟར་མ་བྱུང་ན་ཐབས་ཤེས་གཞན་གཅིག་ཡོད་པ་ནི་གཤམ་དུ་འཆད་པར་འགྱུར་ལ།
སྔོན་ལ་ཤེས་དགོས་པ་ནི་འདི་ཉིད་ཡིན། ཉིན་ཞག་གཅིག་ལ་ལག་འཁོར་ཆུ་ཚོད་ཉེར་བཞི་དང་།
དུས་ཡུན་འདི་ཙམ་ལ་སྐར་ཁྱིམ་གྱི་དུས་སྦྱོར་བཅུ་གཉིས་ཐེངས་གཅིག་འཁོར་བ་ཡིན་པས།
ཆུ་ཚོད་ཀྱི་དབང་དུ་བྱས་ན་རགས་པ་དུས་སྦྱོར་རེ་ལ་ལག་འཁོར་ཆུ་ཚོད་གཉིས་༼ཡང་ན་སྐར་ཆ་༡༢༠༽རེ་ཡོད་པ་ཡིན།
འདི་ཡང་ཉི་མ་ལུག་ཁྱིམ་དུ་བསླེབས་པའི་ཚེས་གྲངས་འདིའི་སྔ་དྲོ་ནམ་ལངས་ཀྱི་དུས་སུ་ལུག་གི་དུས་སྦྱོར་ཤར་བ་ཡིན་ན་ཡང་།
འདིའི་སང་ཉིན་ནམ་ལངས་ཀྱི་དུས་སུ་ལུག་གི་དུས་སྦྱོར་ཤར་ནས་སྐར་ཆ་བཞི་ཙམ་འགྲོ་ཟིན་པ་ཡིན།
དེ་བཞིན་ཉི་མ་རེ་ལ་སྐར་ཆ་བཞི་རེ་སྔ་བར་ཤར་ནས།
ཉིན་ཞག་སུམ་ཅུ་ཟིན་པ་ན་སྐར་ཆ་བཞི་པོ་སུམ་ཅུས་བསྒྱུར་བའི་སྐར་ཆ་བརྒྱ་དང་ཉི་ཤུ་སྟེ་ལག་འཁོར་ཆུ་ཚོད་གཉིས་འགྲོ་ཟིན་ནས་ལུག་གི་དུས་སྦྱོར་རྫོགས་པ་དང་།
ཉིན་ཞག་སུམ་ཅུའི་རྗེས་ཀྱི་སྔ་དྲོའི་ནམ་ལངས་ཀྱི་སྐབས་སུ་གླང་གི་དུས་སྦྱོར་འཆར་བ་ཡིན།
ཁྱིམ་བསླེབས་ཉིན་ནས་སྐྱེས་བར་གྱི།
།ཉིན་གྲངས་ཇི་སོང་བརྩིས་ནས་ནི།།
ཉིན་གྲངས་སྐར་ཆ་བཞི་ཡིས་བསྒྱུར།
།བརྒྱ་དང་ཉི་ཤུ་ལས་ཕབས་ལྷག
ཁྱིམ་འདི་ནམ་ལངས་བརྩམས་ཏེ།
།ཇི་ཙམ་ལྷག་ལུས་སྐར་ཆ་ཡིན།།
དེ་ནས་ཁྱིམ་རེར་ཆུ་ཚོད་གཉིས།
།བརྩིས་ནས་སྐྱེས་བར་ཇི་སོང་བརྟག།
ཉི་མ་ཁྱིམ་གང་དུ་བསླེབས་པའི་ཉིན་དེ་ནས་བྱིས་པ་བཙས་ཀྱི་བར་དུ་ཉིན་གྲངས་ཇི་ཙམ་སོང་བ་བརྩིས་ནས།
ཉིན་གྲངས་འདི་ཉིད་བཞིས་བསྒྱུར་བ་འདི་ནི་སྐྱེས་པའི་སྔ་དྲོ་ནམ་ལངས་ཀྱི་དུས་སུ་དུས་སྦྱོར་འདིའི་སྐར་ཆ་༡༢༠ལས་ཇི་ཙམ་འདས་ཟིན་པ་བལྟ་བ་དང་།
སྒྱུར་གྲངས་འདི་བརྒྱ་དང་ཉི་ཤུ་ལས་ཕབ་པ་ནི།
དུས་སྦྱོར་འདི་རྫོགས་པ་ལ་ད་དུང་སྐར་ཆ་ཇི་ཙམ་ལྷག་ལུས་ཡོད་པ་བལྟ་བ་ཡིན།
དེས་ན་ལྷག་ལུས་ཀྱི་སྐར་ཆ་འདི་ནམ་ལངས་ཆུ་ཚོད་ལྔ་པའི་སྟེང་དུ་བསྡོམས་ནས་ཆུ་ཚོད་ལྔ་དང་སྐར་ཆ་ཇི་ཙམ་སོང་བ་ངོས་འཛིན་བྱས་ནས།
དུས་ཚོད་འདི་ཙམ་ལ་ནམ་ལངས་ཀྱི་དུས་སྦྱོར་འདི་རྫོགས་པ་ཡིན། དེ་ནས་ཆུ་ཚོད་གཉིས་གཉིས་ལ་དུས་སྦྱོར་རེ་བགྲང་ནས་བྱིས་པ་བཙས་པའི་དུས་ཚོད་ཀྱི་བར་དུ་བགྲང་ན་སྐྱེས་དུས་ཀྱི་དུས་སྦྱོར་གང་ཡིན་ཤེས་ནུས།།
དཔེར་ན།
ཉི་མ་ལུག་ཁྱིམ་དུ་ཟླ་བ་གསུམ་པའི་ཚེས་ལྔ་ལ་བསླེབས།
བྱིས་པ་སྐྱེས་པའི་དུས་ཚོད་འདི་ཚེས་༢༩ཕྱེད་ཡོལ་ཆུ་ཚོད་༣དང་ཕྱེད་ཡིན་པའི་དབང་དུ་བཏང་ན།
ཁྱིམ་བསླེབས་ནས་སྐྱེས་པའི་བར་དུ་ཉིན་གྲངས་༢༥སོང་། ཉེར་ལྔ་བཞིས་བསྒྱུར་བ་ན།
༼༢༥x༤=༡༠༠༽ སྐར་ཆ་༡༠༠བརྒྱ།
དེ་ཉིད་༡༢༠ལས་ཕྲི་ན་ལྷག་ལུས་སྐར་ཆ་༢༠པོ་དེ་ནམ་ལངས་ཆུ་ཚོད་ལྔ་པའི་སྟེང་དུ་བསྡོམས་ན།
ཆུ་ཚོད་ལྔ་དང་སྐར་མ་ཉི་ཤུ་ཟིན་པ་ཡིན་པས། དུས་ཚོད་འདི་ལ་ལུག་གི་དུས་སྦྱོར་རྫོགས། དེ་ནས་ཆུ་ཚོད་གཉིས་གཉིས་ལ་དུས་སྦྱོར་རེ་རྫོགས་པའི་དབང་དུ་བཏང་ནས།
༧་༢༠འི་བར་གླང་། ༩་དང་༢༠འི་བར་འཁྲིག་པ། ༡༡དང་༢༠འི་བར་ཀརྐ་ཊ།
གཅིག་དང་༢༠འི་བར་སེང་གེ། ༣དང་༢༠འི་བར་བུ་མོའི་དུས་སྦྱོར་རྫོགས།
ཆུ་ཚོད་༣དང་ཕྱེད་པ་འདིར་སྲང་གི་དུས་སྦྱོར་ཡིན་པ་ལྟ་བུའོ།།
༼དོགས་དཔྱོད། ལུག་གླང་འཁྲིག་པ་ལ་སོགས་པའི་དུས་སྦྱོར་བརྩི་ན་ཡང་འདྲ།
ནམ་ལངས་ཡོས་ལ་སོགས་པའི་ལོ་རྟགས་བརྩི་ན་ཡང་འདྲ།
ག་དེ་སྦེ་ཨིན་རུང་དུས་ཚོད་རེ་རེ་ལུ་སྐར་ཆ་༡༢༠ཡོད་པའི་ཆུ་ཚོད་གཉིས་རེ་བཞག་དགོཔ་ཡོད།
དེ་ལས་འབྲུག་ཡུལ་འདི་ནང་གི་རྩིས་པ་ཚུ་གིས་
ནང་ནམ་ལངས་ཡོས་ཀྱི་དུས་ཚོད་འདི་ཆུ་ཚོད་ལྔ་དང་དྲུག
ཟེར་བཞག་པའི་ཚེ་ཡོས་ཀྱི་ཆུ་ཚོད་གཉིསཔ་འདི་
ཆུ་ཚོད་བཞི་དང་སྐར་མ་གཅིག་ལས་དྲུག་ཚུན་ཚོད་བཞག་དོ་ཡོདཔ་ཨིན་མས།
དེ་འབདཝ་ད་གནམ་བྱཱ་གི་དུས་ལུ་མ་བཏུབ་མེད་རུང་།
གནམ་དགུན་གྱི་སྐབས་ལུ་ཆུ་ཚོད་བདུན་དེ་ཅིག་ཁར་ནམ་ལངས་པའི་ཚེ་
ཁྱོད་ཆ་ཁྱབ་ཀྱི་རྩིས་དང་འཁྲིལ་བ་ཅིན། ནམ་ལངས་ཡོས་ཀྱི་དུས་ཚོད་རྫོགས་ཞིནམ་ལས་ཉི་ཤར་འབྲུག་གི་དུས་ཚོད་ལས་ཕྱེད་ཀ་སོང་ཡོདཔ་ཨིན་རུ་།
ཕྱི་ཁའི་དུས་ཚོད་འདི་ནམ་ལངས་ཚརཝ་ཅིག་ཨིན་ནི་དེ་གིས་མ་བཏུབ་སྦོམ་ཅིག་མཐོངམ་མས།
དུས་སྦྱོར་གྱི་སྲང་ཚད་ཆུ་ཚོད་འདི་ལུ་རིང་མཐུང་མ་འདྲཝ་ཡོད་མི་འདི་ཁྱོད་ཆ་ཁྱབ་ཀྱིས་མཐོང་མཐོངམ་འོང་།
དེ་སྦེ་ཡོད་དགོ་མི་འདི་ནམ་ལངས་དུས་ཚོད་ལུ་འགྱུར་བ་ཡོད་མི་འདི་དང་།
ཉིན་ཚད་རིང་མཐུང་ཡོད་ནི་འདི་གིས་ཨིན་མས། འདི་འབདཝ་ལས་ངོ་མ་འབད་བ་ཅིན།
གནམ་བྱཱ་གི་ནམ་ལངས་འདི་ཆུ་ཚོད་ལྔ་དེ་ཅིག་ལས་བཞག་ཞིནམ་ལས།
ཉི་མའི་དུས་སྦྱོར་དྲུག་གི་དུས་ཡུན་ཆུ་ཚོད་གཉིས་ལས་ལྷགཔ་བཏང་དགོཔ་དང་། ཕྱི་རུའི་དུས་སྦྱོར་དྲུག་གི་དུས་ཚོད་ཆུ་ཚོད་གཉིས་ལས་ཉུངམ་བཏང་དགོ།
དེ་བཟུམ་སྦེ་དགུན་གྱི་དུས་ལུ་ནམ་ལངས་ཆུ་ཚོད་དྲུག་དང་ཕྱེད་དེ་ཅིག་འབད་བའི་སྐབས་ལུ་
ཉི་མའི་དུས་སྦྱོར་ཆུ་ཚོད་མཐུང་ཀུ་བཟོ་ནི་དང་།
ཕྱི་རུའི་དུས་སྦྱོར་ཆུ་ཚོད་རིངམ་བཏང་དགོཔ་དེ་ཚུ་རྣ་བ་གིས་མ་གོཝ་འདྲཝ་བས་མེན་ན། ཚར་གཅིག་སྐར་རྩིས་རིག་པའི་གཞུང་ལུགས་འདི་ཚུ་ལུ་གཟིགས་ཤིག
ནམ་ལངས་ཀྱི་དུས་ཚོད་འདི་ཆུ་ཚོད་བཞི་དང་སྐར་མ་གཅིག་ལས་མེན་པར་ཆུ་ཚོད་ལྔ་པ་ལས་བཞག་རུང་
ཧ་དྲག་པའི་སྐྱོན་མ་གཏོགས་ཕྱི་དྲག་པའི་སྐྱོན་མི་འདུག
ག་ཅི་སྦེ་ཟེར་བ་ཅིན་ཉིནམ་རིང་ཤོ་གནམ་བྱཱ་གི་ཉིན་ལོག་སྐབས་ལུ་ཨིནམ་དང་། དེ་གི་སྐབས་ལུ་དྲོ་པ་ཆུ་ཚོད་ལྔ་བྱིདཔ་དང་རྐྱངམ་ཅིག་ནམ་ལངསམ་ཨིན་མས།
དགུན་གྱི་འདི་ལོ་རྒྱུ་རང་སླབ་མི་དགོ།
རྒྱུ་མཚན་དེ་ཚུ་ལུ་བརྟེན་ཏེ་
བྱཱ་དང་དགུན་གྱི་མཚམས་བཟུམ་ཅིག་སྦེ་ནམ་ལངས་ཆུ་ཚོད་འདི་ལྔ་དང་དྲུག་ཟེརཝ་ད།
ཆུ་ཚོད་ལྔ་ལས་འགོ་བཙུགས་ཏེ་ཆུ་ཚོད་དྲུག་དང་སྐར་ཆ་ང་དགུ་ཚུན་ཚོད་བཞག་པ་ཅིན་ལེགས་ཤོམ་འོང་ནི་མས།༽
སྐྱེས་བརྟག་འཁོར་ལོ་བཤད་པ།
སྐྱེས་ཉིན་ཉི་སྐར་ནས་བརྩམ་སྟེ།
།རེའུ་མིག་གྲངས་དང་མཐུན་པར་བཀོད།།
སྐྱེས་དུས་སྐར་མ་གར་གནས་བརྟག
།གནས་དེ་སྐྱེས་བརྟག་འཁོར་ལོ་ཡིན།།
གནས།
|
སྤྱི་བོ།
|
ཁ
|
དཔུང་མགོ།
|
མཁྲིག་མ།
|
ལག་པ།
|
སྙིང་ག
|
ལྟེ་བ།
|
གསང་བ།
|
པུས་མོ།
|
རྐང་པ།
|
སྐར་གྲངས།
|
༡
|
༣
|
༢
|
༢
|
༢
|
༥
|
༡
|
༡
|
༢
|
༨
|
ཉི་སྐར།
|
༢༣
|
༢༤་༢༥་༢༦
|
༠་༡
|
༢་༣
|
༤་༥
|
༦-༡༠
|
༡༡
|
༡༢
|
༡༣་༡༤
|
༡༥-༢༢
|
སྦྱོང་བརྡར།
|
སྐྱེས་བརྟག་འཁོར་ལོ་ངོས་འཛིན་བྱེད་པ་ལ་བྱིས་པ་སྐྱེས་པའི་གནམ་ལོ་འདིའི་ཟླ་ཐོ་དགོས།
ཟླ་ཐོ་དེ་ནས་བྱིས་པ་སྐྱེས་པའི་སྐབས་ཀྱི་ཟླ་བ་དང་ཚེས་གང་ཡིན་པ་དེ་ངོས་འཛིན་བྱས་ནས།
ཚེས་འདིའི་གཤམ་དུ་གྲངས་གནས་རིམ་པ་དྲུག་ཡོད་པའི་ནང་ནས། དང་པ་གཟའ། གཉིས་པ་སྐར་མ།
གསུམ་པ་ཉི་སྐར་ཡིན། ཉི་སྐར་འདི་ངོས་འཛིན་བྱས་ནས་གོང་གི་རེའུ་མིག་ནང་ སྤྱི་བོ་ཞེས་པའི་འོག་དང་། ཉི་སྐར་ཞེས་པ་འདིའི་ཐད་དུ་བྲིས། ད་ལྟ་ཉི་སྐར་༢༣ཡིན་པའི་དབང་དུ་བཏང་ནས་བཀོད་ཡོད།
དེ་ནས་ཁ་ལ་གཉིས་དང་དཔུང་མགོར་གསུམ་སོགས་གོང་དུ་བཀོད་པའི་གྲངས་དང་མཐུན་པར་རིམ་པ་བཞིན་དུ་བཀོད།
དེ་ནས་གོང་དུ་གཟའ་སྐར་བཤད་པའི་སྐབས་སུ།
བྱིས་པའི་སྐྱེས་སྐར་གང་ཡིན་ངོས་འཛིན་བྱས་པ་འདི་གང་དུ་ཡོད་པ་བལྟས་ནས།
སྐྱེས་སྐར་གནས་ས་འདི་སྐྱེས་བརྟག་འཁོར་ལོ་ཡིན། དཔེར་ན་སྐྱེས་སྐར་༡༢ཡིན་པའི་དབང་དུ་བཏང་ན།
སྐྱེས་བརྟག་འཁོར་ལོ་གསང་བར་གནས་འདུག་པ་ལྟ་བུ་ཡིན།།[2]
སེམས་ལ་བཞག་དགོས་པ་ནི།
སྐར་༢༦གི་རྗེས་ནས་༠་༡་༢ཞེས་བཀོད་དགོས།
མཁའ་འགྲོའི་མཚན།
རྡོ་རྗེ་རིན་ཆེན་པདྨ་དང་།
།ལས་དང་སངས་རྒྱས་མཁའ་འགྲོ་ལྔ།།
ཉི་མ་རེ་རེར་དབང་བྱས་པས།
།དེ་དང་མཐུན་པའི་མཚན་ཞིག་གསོལ།།
མཁའ་འགྲོ་ལྔ་ནི།
རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ།
སངས་རྒྱས་མཁའ་འགྲོ་དང་བཅས་ཏེ་ལྔ་ཡིན་ལ། དེ་དག་ཚེས་གྲངས་རེ་རེ་བཞིན་འཁོར་བ་ཡིན་པས།
ཚེས་གཅིག་ནས་ལྔའི་བར་དང་།
ཡང་དྲུག་ནས་བཅུའི་བར་སོགས་རིམ་པ་བཞིན་དུ་ཟླ་བ་གཅིག་ལ་ལན་དྲུག་འཁོར་བ་ཡིན་པས་དེ་དང་མཐུན་པའི་མིང་ཞིག་བཏགས་དགོས།།
དཔེར་ན་ཚེས་༡་༦་༡༡་༡༦་༢༡་༢༦རྣམས་ལ་སྐྱེས་ན།
རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་དཔལ་མོ་ལ་སོགས་པ་བཏགས་ན་འགྲིག
ཡིན་ན་ཡང་ཚེས་༤་༩་༡༤་༡༩་༢༤་༢༩འི་ལས་ཀྱི་མཁའ་འགྲོའི་ཚེས་ལ་སྐྱེས་ན།
ལས་སྐྱིད་རྡོ་རྗེ་ལ་སོགས་པ་མིང་འགའ་ཞིག་ལས་མེད་པས་དེའི་ཚབ་ཏུ་ལས་དང་དོན་གཅིག་པའི་ཚིག
ཀརྨ་དང་འབྲེལ་ནས་བཏང་ནའང་རུང་བ་ཡིན་ནོ།།
སྐྱེས་རྩིས་བསྡུས་པའི་དབང་བྱས་ན།
།འདི་ཙམ་ཞིག་གིས་འཐུས་པ་ཡིན།།
རྒྱས་ན་དུས་སྦྱོར་གནས་མལ་ལ།
།གཟའ་འགྲེམ་འགྲེལ་བཤད་མ་ནོར་གཅེས།།
འགྲེལ་བཤད་གཞུང་ནས་ཕབས་པའི་སྐབས།
།ཕབས་བཤུས་རྐྱང་པ་མ་ཡིན་པར།།
དོན་ཚན་སྙིང་པོ་འགྲིལ་ནས་ནི།
།བཅུད་དོན་ཙམ་ཞིག་ཕབས་ན་ལེགས།།
ཉི་མ་མཐོང་དཀའི་སྟག་རྩེ་འདིར།
།ཚ་བོའི་མི་མཐུན་ཕྱོགས་ལོངས་ཀྱང་།།
གཅེན་པོ་ཤེས་རབ་ཀྱིས་སྐུལ་ནས།
།ནུ་བོ་རང་གིས་བྲིས་པ་ཡིན།།
[1] དེ་ཡང་འབྱུང་རྩིས་ཟླ་ཟེར་ནང་།
ནམ་ཞག་གཏན་གྱི་མཐའ་རཙིས་ལ། །གཅེས་པའི་རྡེལ་བཞི་སྒོས་རྡེལ་གཅིག
།མེད་དུ་མི་རུང་རྡེ་འུ་གཉིས། །མི་འགྱུར་ཀླུང་གི་རྡེ་འུ་ ལྔ།།
བརྒྱ་འདྲེའི་རྡེ་འུ་བརྒྱ་ཕྲག་གཅིག
།སྟངས་གཅོད་རྡེ་འུ་ཉི་ཤུ་བཞི། །སྤྱི་བསྡུས་བརྒྱ་དང་སུམ་ཅུ་དྲུག[1] ཅེས་གསུངས་ཡོད་ན་ཡང་།
སྒོས་རྡེལ་གཅིག་དེ་རུས་ཁམས་དང་སྦྱར་བའི་རྩིས་ཡིན་པས་སྒོས་མཁོ་མེད་པ་དང་།
མི་འགྱུར་ཀླུང་ལྔ་དང་། དེ་དང་འབྲེལ་བའི་བརྒྱ་འདྲེའི་རྡེའུ།
དེའི་སྟངས་གཅོད་བཅས་ཀྱི་རྡེའུ་དང་བཅས་པ་རྣམས་ནི་ཕན་ཐོགས་ཅན་དུ་མ་མཐོང་བས་རེ་ཞིག་བཏང་སྙོམས་སུ་བཞག་པ་དང་སྦས་པ་མཛུབ་ཚུགས་ནས་བཤད་པའི་སྲོག་སོགས་ཕན་ཚུན་འཐབ་པའི་རྡེའུ་དེ་ཁ་སྐོང་རྒྱབ་ནས་རྡེལ་གྲངས་སྡེ་ཚན་བཞི་ཙམ་ཞིག་བཞག་ཡོད།
[2] མི་ཕམ་རིན་པོ་ཆེ།
དབྱངས་འཆར་ཤེལ་གྱི་མེ་ལོང་། ཤོག་གྲངས། ༢༥༠ བོད་གཞུང་སྨན་རྩིས་ཁང་། ༡༩༩༠
1 comment:
མཁའ་འགྲོའི་སྐྱེས་རྩིས་དེ་གཞུང་ཁུངས་གཙོ་བོ་གང་ནས་བསྟན་ཡོད་མིན་སྐོར་ལམ་སྟོན་ཞིག་གནང་རོགས།
Post a Comment