༄༅། །ཀེག་རྩིས་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས།།
༄༅། །བཅོམ་ལྡན་ནུས་པའི་ཚུལ་བཟུང་བ།
།མཐུ་སྟོབས་བདག་པོ་ཁྱེད་ཀྱིས་ནི།།
ལས་ཀྱིས་འཁོར་བའི་སེམས་ཅན་ལ།
།མི་མཐུན་རྐྱེན་ངན་བསྲུང་དུ་གསོལ།།
ཅེས་བཅོམ་ལྡན་མཐུ་སྟོབས་བདག་པོ་ལ་གསོལ་བ་འདེབས་ནས་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ལོ་གཅིག་འཁྱུད་སྐོར་ཀེག་རྩིས་མདོར་བསྡུས་སུ་བཀོད་པའི་ལས་ལ་འཇུག་པར་བྱའོ།།
ལོ་འཁོར་གཅིག་གི་ཀེག་རྩིས་ལ།
།མི་འགྱུར་རྩ་བའི་རྡེའུ་དྲུག།
གཅོད་འདྲེལ་ཉེར་བཞི་ཁ་དམར་བཞི།
།རྩུབ་རྡེལ་བདུན་དང་སྨེ་བའི་བཞི།།
འདི་ལ་དང་པོ་མི་འགྱུར་རྩ་བའི་རྡེའུ་དྲུག
གཉིས་པ་འདིའི་གཅོད་འདྲེལ་ཉེར་བཞི་དང་ཁ་དམར་བཞི་དང་བཅས་རྡེའུ་ཉེར་བརྒྱད། གསུམ་པ་རྩུབ་རྡེལ་བདུན།
བཞི་པ་སྨེ་བའི་ཀེག་ཕྲན་རྣམ་པ་བཞི། ལྔ་པ་དགུ་མིག་དང་། དྲུག་པ་དུར་མིག་བཅས་ཏེ་རྡེའུ་ཡོངས་བསྡོམས་ཞེ་བདུན་ནོ།།
དང་པོ་མི་འགྱུར་ཀླུང་གི་རྡེའུ་དྲུག་ནི།
གནམ་ལོ་ལོག་མེན་བབས་སྨེ་དང་།
བབས་སྤར་དར་གུད་དུས་ཚོད་དྲུག།
བརྩི་བྱ་སྐྱེས་བུ་རང་གི་འཐབ་ཟླར་གྱུར་པའི་ཡུལ་དྲུག་སྟེ།
དེ་ཡང་དང་པ་ད་ལོའི་གནམ་ལོ། གཉིས་པ་བརྩི་བྱ་སྐྱེས་བུའི་ལོག་མེན།
གསུམ་པ་བརྩི་བྱ་སྐྱེས་བུའི་བབས་སྨེ་བཅས་གསུམ་ནི་ཕྱིའི་དབང་དུ་བྱས་པ་ཡིན།
དེ་ནས་བཞི་པ་བབས་སྤར། ལྔ་པ་དར་གུད་བརྩི་སའི་གཞིར་གྱུར་པའི་
བརྩི་དུས་ཀྱི་ལོ་ཟླ་ཞག་དུས།
དྲུག་པ་བརྩི་དུས་ཀྱི་ལོ་རྟགས་བཅས་ངོས་བཟུང་དགོས་པ་བཅས་ཀྱི་དོན་ཚན་དྲུག་ལ་མི་འགྱུར་རྩ་བའི་རྡེའུ་དྲུག་ཅེས་བྱ་བ་ཡིན།
འདི་དག་གི་བརྩི་ཚུལ་གཅོད་འདྲེལ་གྱི་སྐབས་སུ་འཆར་པར་འགྱུར།།
གཉིས་པ་གཅོད་འདྲེལ་ཉེར་བཞི་དང་ཁ་དམར་བཞི།
བརྩི་བྱའི་སྐྱེས་བུ་གང་ཡིན་དེའི།
།སྲོག་ལུས་དབང་ཀླུང་བཞི་པོ་འདིས།།
རྩ་རྡེལ་དྲུག་ལ་འཐབ་པ་ཡི།
།རྡེ་འུ་ཉེར་བཞི་ཁ་དམར་བཞི།།
དང་པ་བརྩི་བྱ་སྐྱེས་བུ་ལོ་རྟགས་ངོས་བཟུང་ནས་འདིའི་སྲོག་ལུས་དབང་ཀླུང་བཞི་པོ་ཐུར་དུ་རིམ་བཞིན་བཀོད།
དེ་ནས་གོང་དུ་རྩུབ་རྡེལ་གྱི་སྐབས་སུ་བཤད་པའི་འཐབ་ཡུལ་དྲུག་པོ་ཐད་ཀར་རིམ་བཞིན་བཀོད་ཅིང་།
དེ་ནས་འཐབ་ཡུལ་གྱི་གནམ་ལོ་ལོག་མེན་བརྩི་དུས་བཅས་ཀྱི་སྲོག་ལུས་དབང་ཀླུང་བཞི་པོ་རེའུ་མིག་ལྟར་དུ་ཐུར་དུ་བཀོད།
སྤར་ཁ་སྨེ་བ་གཉིས་ལ་སྲོག་ལུས་དབང་ཀླུང་བརྩི་རྒྱུ་མེད་པས་དེའི་ཚབ་ཏུ་རང་གི་ཁམས་གང་ཡིན་པ་དེ་རང་བཀོད།
དེ་ནས་དར་གུད་ཀྱི་ས་ཁོངས་དེར་ བརྩི་དུས་ཀྱི་ལོ་ཟླ་ཞག་དུས་བཀོད་དགོས།
དེ་ནས་རྡེའུ་འཐབ་པའི་ཚེ་ གཞན་རྣམས་མ་བུ་དགྲ་གྲོགས་ཀྱི་ཚུལ་དུ་འཐབ་རྒྱུ་ཡིན་ཀྱང་།
དར་གུད་ནི་དེ་ལྟར་མིན་པར་དར་གུད་ཁོ་རང་གི་འཐབ་ཚུལ་ལྟར་འཐབ་པ་ན་རྡེའུ་ཉེར་བཞི་འོང་བ་དང་།
དེའི་སྟེང་དུ་སྲོག་ལུས་དབང་ཀླུང་བཞིའི་ཁ་དམར་གྱི་རྡེའུ་བཞི་བཅས་ཡོངས་བསྡོམས་རྡེའུ་ཉེར་བརྒྱད་ཡིན།
སྦྱོང་བརྡར་གྱི་ཆེད།
བརྩི་བྱ།
|
གནམ་ལོ།
|
ལོག་མེན།
|
སྨེ་བ།
|
སྤར་ཁ།
|
དར་གུད།
|
བརྩི་དུས།
|
སྟངས་
གཅོད།
|
|||||||||
སྲོག
|
||||||||||||||||
ལུས།
|
||||||||||||||||
དབང་།
|
||||||||||||||||
ཀླུང་།
|
རྡེའུ་བོར་ཚུལ།
༼མ་དང་འཕྲད་ན་དཀར་པོ་གསུམ། །གྲོགས་དང་འཕྲད་ན་དཀར་པོ་གཉིས།
།བུ་དང་འཕྲད་ན་དཀར་ནག་ཟུང་། །དགྲ་དང་འཕྲད་ན་ནག་པོ་གཉིས། །ས་ཆུ་ནང་འཕྲད་དཀར་པོ་རེ།
།ཤིང་ལྕགས་མེ་ནང་ནག་རེ་བོར། །དར་གུད་བཟང་དྲུག་གོ་རིམ་བཞིན།
།རྡེའུ་དཀར་པོ་གསུམ་གཉིས་གཅིག །ངན་དྲུག་རབ་འབྲིང་ཐ་མ་གསུམ། །ཕྱེ་མ་ནག་གཅིག་ནག་གཉིས་སོ།།
༈ ཁ་དམར་རྡེའུ་བཞག་པའི་ཚུལ། །རྡེའུའི་ངོ་གྲངས་མི་འགྲིམ་པར།
།གནས་སམ་སྐོར་འགོའི་ངོ་གྲངས་བགྲངས། ༽
གསུམ་པ་རྩུབ་རྡེལ་བདུན།
རང་ཀེག་དགྲ་གཤེད་ཁྱིམ་ཚེས་དང་།
མཐུན་གསུམ་སྲི་སྐྱམ་གསང་ཀེག་བདུན།།
དང་པ་རང་ཀེག་རྩུབ་པ་ནི། རང་གི་ལོ་རྟགས་དང་ད་ལོའི་གནམ་ལོ་གཅིག་པར་ཤར་བ་སྟེ་དཔེར་ན་བྱི་བ་ལོ་པ་ལ་གནམ་ལོ་བྱི་བ་ཤར་བའི་ཚེ་ལྟ་བུའོ།། གཉིས་པ་དགྲ་གཤེད་རྩུབ་པ་ནི།
གནམ་ལོ་དང་རང་ལོ་གཉིས་བདུན་ཟུར་བབས་པའི་ཚེ་སྟེ།
དཔེར་ན་བྱི་བ་ལོ་པ་ལ་གནམ་ལོ་རྟ་ཤར་བ་ལྟ་བུའོ།། ༼དེ་ཡང་ལོ་གྲངས་ཀྱི་དབང་དུ་བཏང་ན།
༧ ༡༩ ༣༡
༤༣ ༥༥ ༦༧
༧༩ ༩༡ ༡༠༣༽ གསུམ་པ་ཁྱིམ་ཚེས་རྩུབ་པ་ནི། དབང་ཁམས་མཐུན་པའི་ལོ་རྟགས་ཕོ་མོ་གཉིས་རེ་ཡོད་པའི་ནང་ནས།
རང་གི་གྲོགས་དེ་གནམ་ལོར་ཤར་བའི་ཚེ་སྟེ།
བརྩི་བྱ་བྱི་བ་ལ་གནམ་ལོ་གླང་ཤར་བ་ལྟ་བུ་དང་།
ལྷག་པར་དུ་ཕོ་ལོ་ཡིན་ན་ལོ་གྲངས་གཉིས་དང་དྲུག་ཅུ་རེ་གཉིས། མོ་ལོ་ཡིན་ན་དྲུག་ཅུ་ཟིན་པའི་སྐབས་དེར་རང་དང་དབང་ཐང་གཅིག་པའི་ཁྱིམ་ཚེས་འདི་གནམ་ལོར་ཤར་ནས་འོང་བས་ཤིན་ཏུ་གཟབ་དགོས།
བཞི་པ་མཐུན་གསུམ་རྩུབ་པ་ནི།
བརྩི་བྱའི་ཀླུང་རྟ་དང་གནམ་ལོའི་ཀླུང་རྟའི་ཁམས་མཐུན་པར་ཤར་བའི་ཚེ་སྟེ།
གནམ་ལོ་རྟ་ཤར་ན་དེ་དང་ཀླུང་ཁམས་མཐུན་པའི་སྟག་དང་ཁྱི་ཀ་ལ་རྩུབ་པ་ལྟ་བུའོ།། ལྔ་པ་སྲི་ངན་རྩུབ་པ་ནི། རང་ལ་དྲིན་ཆེ་བའི་ཕ་མེས་ཤི་བའི་སྐབས་ཀྱི་ལོ་རྟགས་དེ་གནམ་ལོར་ཤར་བའི་ཚེ་སྟེ།
ཕ་མེས་ཤི་བའི་དུར་ནས་རང་གཡབ་མོ་འདེབས་པའི་དུས་ཡིན་པས་སོ།། དྲུག་པ་སྐྱམ་ཟླ་ཞེས་པའི་རྩུབ་པ་ནི།
བཟའ་ཚང་ཕོ་མི་གཉིས་པོ་བབས་སྤར་གཅིག་གི་སྟེང་དུ་བབས་པ་སྟེ། ཕོ་མོ་གཉིས་ཀ་ལོ་གྲངས་ཉེར་གསུམ་གྱི་བབས་སྤར་ཟིན་ཤིང་ལ་བབས་པ་ལྟ་བུའོ།། བདུན་པ་གསང་ཀེག་རྐུན་པོས་རྩུབ་པ་ནི། རང་གི་སྐྱེས་སྤར་དང་བབས་སྤར་གཉིས་གཅིག་པར་བབས་པའི་སྐབས་སུ་སྟེ།
དཔེར་ན། མ་ལོ་ཉི་ཤུ་རྩ་གསུམ་ལ་རང་ཉིད་སྐྱེས་ན་སྐྱེས་སྤར་ཟིན་ཤིང་།
རང་ལོ་ཉེར་གསུམ་ལ་བསླེབས་པའི་ཚེ་བབས་སྤར་ཟིན་ཤིང་ལ་བབས་པ་ལྟ་བུའོ།།
རང་ལོ།
|
གནམ་ལོ།
|
སྤར་ཁ།
|
|||||
བརྩི་བྱ།
|
རང་ཀེག
|
དགྲ་གཤེད།
|
ཁྱིམ་ཚེས།
|
མཐུན་གསུམ།
|
སྲི་ངན།
|
སྐྱམ་ཟླ།
|
གསང་ཀེག
|
བྱི་བ།
|
|||||||
རྡེའུ་དཀར་ནག
|
བཞི་པ་སྨེ་བའི་ཀེག་ཕྲན་རྣམ་བཞི་ནི།
མལ་ཁང་ཡུལ་དང་ཁམས་ཀྱི་སྒོ།
།སྐྱེས་སྨེ་བབས་སྨེ་གཅིག་བབས་མལ།།
བབས་སྨེ་གནམ་སྨེ་གཅིག་སོང་ཁང་།
།བབས་སྨེ་གཉིས་ནག་ཡུལ་གྱི་ཀེག།
སྐྱེས་སྨེའི་དགྲ་སྟེང་བབས་སྨེ་བབས།
།ཁམས་ཀྱི་རྒྱལ་སྒོ་འགག་པ་འོ།།
སྨེ་བའི་ཀེག་ཕྲེང་།
|
མལ་ཀེག
|
ཁང་ཀེག
|
ཡུལ་ཀེག
|
ཁམས་ཀྱི་རྒྱལ་སྒོ་འགག་པ།
|
|||
དེ་དག་གི་ངོས་འཛིན།
|
སྐྱེས་སྨེ་དང་བབས་སྨེ་གཅིག་ཏུ་སོང་བ།
|
བརྩི་བྱའི་བབས་སྨེ་དང་གནམ་ལོའི་སྨེ་གཅིག་ཏུ་སོང་བ།
|
བབས་སྨེ་གཉིས་ནག་ལ་བབས་པ།
|
སྐྱེས་པའི་སྨེ་བའི་དགྲ་སྟེང་དུ་བབས་སྨེ་སོང་བའོ།།
|
|||
སྨེ་བ་བཀོད་ས།
|
སྐྱེས་སྨེ།
|
བབས་སྨེ།
|
བབས་སྨེ།
|
གནམ་ལོའི་སྨེ་བ།
|
བབས་སྨེ།
|
སྐྱེས་སྨེ།
|
དེའི་དགྲ།
|
རྡེའུ།
|
ལྔ་པ་དགུ་མིག་ནི།
དགུ་མིག་རྐྱང་པ་སྦྲགས་མ་དང་། །སྤར་ཁ་སྨེ་བའི་དགུ་མིག་བཞི།།
རྐྱང་པ་སྐྱེས་པ་བྱི་བ་དང་། །བུད་མེད་བྱ་ནས་འགོ་བཟུང་སྟེ།།
གཡོན་སྐོར་བགྲང་པའི་དགུ་པ་རྣམས། །དགུ་མིག་ནང་དུ་ཚུད་པ་ཡིན།།
དེ་ཡང་ལོ་གྲངས་ཀྱི་དགུ་དགུ་བརྩི་བ་དང་།
འབབ་ས་གཤེད་བཞི་གང་རུང་ལ་བབས་པའི་ཚེའོ།།༼དགུ་མིག་བབ་པའི་ལོ་གྲངས།༽ ༩ ༡༨ ༢༧ ༣༦ ༤༥ ༥༤
༦༣ ༧༢ ༨༡༽
སྦྲགས་མའི་དགུ་མིག་ཅེས་པ་ནི། །ས་ཆུ་ལོ་དྲུག་བྱི་ནས་དང་།།
ཕྱོགས་གསུམ་རང་གི་འོག་མ་ནས། །གཡོན་སྐོར་བགྲང་པའི་དགུ་པ་འོ།།
ས་བཞི་དང་ཆུ་གཉིས་ཀྱི་ལོ་རྟགས་ཡིན་ན་བྱི་བ་ནས་འགོ་བཙུགས་ནས་བགྲང་དགོས་པ་དང་།
ཕྱོགས་གཞན་ཤར་ལྷོ་ནུབ་གསུམ་གྱི་ལོ་རྟགས་དྲུག་པོ་གང་རུང་ཡིན་ན། ལོ་རྟགས་གཉིས་གཉིས་ཡོད་པའི་ནང་ནས་རང་གི་འོག་མ་དེ་ལས་འགོ་བཙུགས་ཏེ་བགྲང་པའི་ཚེ་དགུ་པ་དེ་མཚམས་གྱི་གཤེད་བཞི་ལོ་པ་གླང་ལུག་ཁྱི་འབྲུག་གང་རུང་ལ་བསླེབས་པ་ཡིན་པས་དེ་ལ་སྦྲགས་མའི་དགུ་མིག་ཅེས་བྱ་བ་ཡིན།
སྦྲགས་མའི་དགུ་མིག་བབས་པའི་ལོ་གྲངས། ༩ ༢༡ ༣༣ ༤༥ ༥༧ ༦༩ ༨༡
རྐྱང་པ་དང་སྦྲགས་མ་གཉིས་ཀྱི་ཁྱད་པར་ནི།
དེ་གཉིས་ལ་སྐོར་འགོ་མི་འདྲ་བ་དང་འབབ་ས་མི་འདྲ་བའི་ཁྱད་པར་ཡོད། དང་པ་སྐོར་འགོ་ནི་རྐྱང་པའི་སྐབས་སུ་ཕོ་ལོ་དྲུག་པ་བྱི་བ་ནས་དང་མོ་ལོ་དྲུག་པ་བྱ་ནས་སྟེ་སྐོར་འགོ་གཉིས་ལས་མེད་པ་དང་།
སྦྲགས་མའི་སྐབས་སུ་བྱི་རྟ་བྱ་ཡོས་ཀྱི་སྐོར་འགོ་མི་འདྲ་བ་བཞི་ཡོད། གཉིས་པ་འབབ་ས་དེ་ཡང་རྐྱང་པའི་སྐབས་སུ་ལོ་གྲངས་དགུ་དགུ་བགྲང་པའི་དགུ་པ་དེ་གཤེད་བཞིའི་ལོ་གླང་ལུག་ཁྱི་འབྲུག་གང་ལ་བབས་ཀྱང་དགུ་མིག་ཏུ་བརྩི་ན་ཡང་།
སྦྲགས་མའི་སྐབས་སུ་ཐེངས་དང་པ་བགྲང་པའི་ཚེ་དགུ་པ་བབས་སའི་གཤེད་བཞིའི་ལོ་གང་རུང་གཅིག་པུ་དེ་ཉིད་དགུ་མིག་ཏུ་ངོས་བཟུང་ནས།
དེའི་ཕྱིས་ནས་དགུ་དགུ་བགྲང་རྒྱུ་མིན་པར་བཅུ་གསུམ་བགྲང་ནས་དང་པོ་གང་དུ་བབས་པའི་དགུ་མིག་དེ་རང་ལ་བརྩི་དགོས་པའི་ཁྱད་པར་ཡོད་དོ།།
༈ སྤར་ཁ་ཕོ་ལི་མོ་ཁམ་དང་།། ༈སྨེ་བ་སྐྱེས་སྨེར་བབས་པ་འོ།།
༼སྤར་ཁའི་དུར་མིག་བབས་པའི་ལོ་གྲངས།
༩ ༡༧ ༢༥ ༣༣ ༤༡ ༤༩ ༥༧ ༦༤ ༧༣ ༨༡༽ ༼སྨེ་བའི་དགུ་མིག་བབས་པའི་ལོ་གྲངས། ༡ ༡༠ ༡༩ ༢༨ ༣༧ ༤༦
༥༥ ༦༤ ༧༣ ༨༢ ༩༡༽
དྲུག་པ་དུར་མིག
དུར་མིག་སྐོར་འགོ་བབས་ས་གཉིས། །སྦྲགས་མའི་དགུ་མིག་འདྲ་ན་ཡང་།།
སྐོར་འགོ་འབྲིང་པོ་བཞི་ཡི་ཁམས། །བརྩི་བྱའི་དབང་ཁམས་མཐུན་པ་དགོས།།
དབང་མཐུན་དུར་དེ་རང་དུར་ཆེ། །དུར་དེའི་བདུན་ཟུར་རང་དུར་ཆུང་།།
དབང་ཐང་དགྲ་དུར་གཤེད་དུར་ཆེ། །དེ་མཐུན་བདུན་ཟུར་གཤེད་དུར་ཆུང་།།
དཔེ་ན་ལོ་གྲངས་ཉེར་གཅིག་དང་། །ལྔ་གཅིག་ཞེ་ལྔ་བཅོ་ལྔའི་སྟེང་།།
སླེབས་པ་རང་དུར་ཆེ་ཆུང་དང་། །གཤེད་དུར་ཆེ་ཆུང་རིམ་པར་སྦྱར།།
༼དཔེར་ན་ལོ་གྲངས་མེ་རྟ་ལྟ་བུ་ཞིག་ལ་མཚོན་ན།
ལོ་གྲངས་༢༡གི་སྟེང་དུ་མེ་དུར་ཁྱི་ལ་བབ་ཅིང་། དེའི་ཁམས་མེ་ཡིན་པའི་དབང་གིས། མེ་རྟ་ནི་རང་དང་ཁམས་མཐུན་པ་ཡིན་པས་རང་དུར་ཆེ་བ་བཞག
ལོ་གྲངས་༥༡ལ་བསླེབས་ཚེ་མེ་དུར་དེ་ཉིད་ ཁྱིའི་བདུན་ཟུར་འབྲུག་ལ་བབ་ཅིང་ འབྲུག་དེའི་ཁམས་མེ་ཡིན་པས་མེ་རྟ་ང་དང་ཁམས་མཐུན་སོང་བའི་དབང་གིས་
ང་དུར་ཆུང་བ་ཞེས་བྱ། ༤༥ལ་སླེབ་ཚེ་སླར་ཡང་མེ་དུར་ཁྱི་ལ་བབ་ཅིང་། དེའི་ཁམས་ཆུ་ཡིན་པས་མེ་རྟ་རང་གི་དགྲ་ལ་སོང་བའི་དབང་གིས་གཤེད་དུར་ཆེ་བ་ཞེས་བྱ།
ལོ་གྲངས་༡༥ལ་སླེབ་ཚེ་མེ་དུར་དེ་ ཁྱིའི་བདུན་ཟུ་འབྲུག་ལ་བབ་ཅིང་། དེའི་ཁམས་ཆུ་ཡིན་པས་མེའི་དགྲ་ཁམས་ལ་སོང་བའི་དབང་གིས་གཤེད་དུར་ཆུང་བར་བཞག་པ་ཡིན་ནོ།།
སྐབས་འདིར་དུར་མིག་གི་དབང་ཁམས་འཚོལ་ཐངས་ནི། བུད་མེད་ཀྱི་ལོག་མེན་འཚོལ་ཐངས་ལྟར་འཚོལ་དགོས།༽
དེ་ལྟར་འབད་བའི་རྣམ་དཀར་དགེ་བའི་མཐུས། །དོན་གཉེར་མེད་ཀྱང་དབང་མེད་སྦྱངས་པ་ཡི།།
ཕ་འོག་ག་ལ་པ་དང་འདྲ་བ་རྣམས། །ཇ་བཙགས་ནང་ནས་ལྷུང་བ་མ་གྱུར་ཅིག།
ཅེས་པ་འདིའང་རིག་གཞུང་སློབ་གྲྭའི་སློབ་མ་རྣམས་ཀྱི་ངོར་དྷྱ་ན་མིང་པས་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟ་ལོ་གྲོ་བཞིན་ཟླ་བའི་ཡར་ངོ་དགའ་བ་དང་བཟང་པོ་གཉིས་པའི་མཚན་མོ་གཉིས་ཀྱི་རིང་ལ་གྲུབ་པར་སྦྱར་བའོ།།
No comments:
Post a Comment