དི་བ་ལི། ཟེར་མི་འདི་ལུ་ མིང་གཞན་དཱི་པ་བ་ལི་ཟེར་ཡང་སླབ་སྲོལ་ཡོདཔ་ཨིན།
དེ་གི་དོན་འདི་ཡང་ དཀར་ཕྱོགས་ཀྱིས་ནག་ཕྱོགས་ལས་རྒྱལ་བའམ། སྒྲོན་མེ་གིས་མུན་པའི་སྨག་རུམ་ལས་རྒྱལ་བ་ཟེར་བའི་དོན་ཨིན།
དུས་ཆེན་འདི་ རྒྱ་གར་རྒྱལ་ཡོངས་ཀྱི་ མི་སེར་དང་གཞུང་གི་ལཱ་འབད་མི། དེ་ལས་ཚོང་པ་ལ་སོགས་པ་ག་གིས་ཡང་བརྩི་སྲུང་ཞུ་དོ་ཡོདཔ་ཨིནམ་དང་།
དུས་ཚོད་འདི་དང་འཁྲིལ་ཏེ་ ཚོང་པ་ཚུ་གིས་ཚོང་རིགས་མང་ཤོ་གོང་ཚད་ཆག་ཡངས་ཐོག་ལས་བཙོང་དོ་ཡོདཔ་ལས་
ཚོང་ཉོ་ནི་གི་དང་འདོད་ཡོད་པ་ཅིན་ དུས་ཚོད་འདི་ཁར་ཉོ་བ་ཅིན་ཁེ་ཕན་སྦོམ་ཡོད།
དུས་ཅི་གི་དི་བ་ལི་དུས་ཚོད་འདི་(21-25/10/2014)ཚུན་ཚོད་ཉིནམ་ལྔ་གི་རིང་ལུ་ཨིནམ་དང་། དུས་ཆེན་གྱི་མཆོད་པ་ངོ་མ་འདི་གནམ་གང་གི་ཕྱི་རུ་(23/10/2014)ཉིནམ་འཛུལ་བའི་དུས་ཚོད་དང་འཁྲིལ་ཏེ་ལྷ་མོ་དཔལ་མོ་ལུ་མཆོད་པ་ཕུལ་ཏེ་རྩིས་སྲུང་ཞུཝ་ཨིན།
དུས་ཆེན་འདི་གི་ལོ་རྒྱུས། དེ་ཡང་ཧིན་དུ་གི་ལོ་རྒྱུས་ལྟར་དུ་འབད་བ་ཅིན། ཧེ་མ་ལྷ་དང་ལྷ་མ་ཡིན་རྒྱ་མཚོ་བསྲུབས་པའི་སྐབས་ལུ་ ཉིནམ་འདི་ཁར་ ནོར་གྱི་ལྷ་མོ་དཔལ་མོ་༼ཤྲི་ལཀྵིམི་༽འདི་རྒྱ་མཚོ་ལས་འཁྲུངས་ཏེ་འཇིག་རྟེན་འདི་ནང་བྱོན་པའི་ཉིནམ་ཨིན་ཟེར་བརྩི་སྲུང་ཞུ་དོ་ཡོདཔ་དང་། ཡང་ཕྱོགས་གཅིག་ལས་རྒྱལཔོ་དགའ་བྱེད་༼རཱ་མ༽ ཀྱི་འཁྲུངས་པའི་ཉིནམ་སྦེ་ཡང་བརྩི་དོ་ཡོདཔ་ཨིན་མས། དེ་ལས་རྒྱལ་བ་པ་(Janisim) ཚུ་གིས་འབད་བ་ཅིན། ཁོང་གི་སྟོན་པ་དཔའ་བོ་ཆེན་པོ་(Maha veer) འཁྲུངས་པའི་ཉིནམ་སྦེ་ཡང་རྩི་སྲུང་ཞུ་ནི་དང་། དེ་ལས་ཤྲི་ལངྐའི་རྒྱལ་ཁབ་ནང་ལུ་ཡང་དུས་ཆེན་འདི་བརྩི་སྲུང་ཞུ་དོ་ཡོདཔ་ཨིན་རུང་། ཁོང་ཆ་ཁྱབ་ལུ་འབད་བ་ཅིན་ལོ་རྒྱུས་སོ་སོ་ཅིག་ཡོདཔ་ཨིན། དེ་ཡང་ཤྲི་ལངྐ་ལུ་འབད་བ་ཅིན། ཆོས་རྒྱལ་ཨ་ཤོ་ཀ་གི་སྲས་གནས་བརྟན་དབང་ཆེན་༼མ་ཧིནྡྲ་༽འདི་དགེ་སློང་གི་འཁོར་དང་བཅས་པ་སྦེ་ཤྲི་ལངྐའི་རྒྱལ་ཁབ་ན་དམ་པའི་ཆོས་སྤེལ་བ་བྱོན་པའི་ཉིནམ་སྦེ་བརྩི་སྲུང་ཞུ་དོ་ཡོདཔ་ཨིནམ་མས།

དུས་ཆེན་འདི་གི་དུས་ཡུན་འདི་ཡང་ཐ་སྐར་ཟླ་བའི་ཚེས་ཉེར་བརྒྱད་ལས་འགོ་བཙུགས་ཏེ།
སྨིན་དྲུག་ཟླ་བའི་ཚེས་གཉིས་ཚུན་ཚོད་ཀྱི་བར་ན་ཉིནམ་ལྔ་གི་རིང་ལུ་བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན།
ཨིན་རུ་པུརྞི་མནྟྲ་ཟེར་བའི་ཟླ་ཐོ་དང་འཁྲིལ་བ་ཅིན་དི་བ་ལི་གི་དུས་ཆེན་འདི་སྨིན་དྲུག་ཟླ་བའི་ཚེས་༡༣ལས་འགོ་བཙུགས་ཏེ་ཚེས་༡༧ཚུན་ཚོད་སྦེ་ཁག་མ་འདྲཝ་གཉིས་ཡོདཔ་ཨིན་རུང་།
ཡོངས་གྲགས་འདི་གོང་ལུ་ཞུ་མི་འདི་ཨིན་མས།
དུས་ཅི་གི་དི་བ་ལི་དུས་ཚོད་འདི་གཤམ་འཁོད་ཀྱི་ཚེས་གྲངས་ཚུ་ནང་ཕོག་ཡོདཔ་ཨིན་མས།
ཉིན་དང་པ།
Dhantrayodashi (21-10-2014) ༼ཐ་སྐར་ཟླ་བའི་མར་ངོ་ཚེས་༢༨༽
ཉིན་གཉིས་པ།
Narak Chaturdshi (22-10-2014) ༼ཐ་སྐར་ཟླ་བའི་མར་ངོ་ཚེས་༢༩༽
ཉིན་གསུམ་པ།
Lakshmi Puja (23-10-2014) ༼ཐ་སྐར་ཟླ་བའི་གནམ་གང་།
༽
ཉིན་བཞི་པ།
Govardhan Puja (24-10-2014) ༼སྨིན་དྲུག་ཟླ་བའི་ཡར་ངོ་ཚེས་༡༽
ཉིན་ལྔ་པ།
Bhaiya Dooj (25-10-2014) ༼སྨིན་དྲུག་ཟླ་བའི་ཡར་ངོ་ཚེས་༢༽
No comments:
Post a Comment