བསྟན་པའི་གཏད་རབས་བདུན།
བསྟན་པའི་གཏད་རབས་ཟེར་མི་འདི་ སངས་རྒྱས་ཀྱི་སྐུ་ཚབ་རིམ་པར་བྱོན་མི་ཚུ་ལུ་གོ་ནི་ཨིན།
དེ་ཡང་སངས་རྒྱས་བཅོམ་ལྡན་འདས་གཤགས་རནམ་ད་ སྟོན་པ་ཁོ་རང་གིས་ ཉན་ཐོས་འོད་སྲུང་ཆེན་པོ་ལུ་
སྟོན་པའི་སྐུ་ཚབ་འབད་དེ་ སངས་རྒྱས་ཀྱི་ཆོས་འདི་འཛིན་སྐྱོང་སྤེལ་གསུམ་མཛད་དགོཔ་སྦེ་གསུངས་ཡོདཔ་ལས།
སྐུ་ཚབ་དང་པ་འོད་སྲུང་། དེ་ལས་རིམ་པ་བཞིན་དུ་ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ།
ནག་པོ། ལེགས་མཐོང་ཚུན་ཚོད་བསྟན་པའི་གཏད་རབས་བདུན་ཡོངས་གྲགས་བཤད་ནི་ཡོད་རུང་ དེ་གི་ཤུལ་ལས་དེ་ཚུ་གསལ་ཁ་ག་ནི་ཡང་མིན་འདུག་ གཅིག་འབད་བ་ཅིན་
ཉན་ཐོས་སྡེ་པ་ལོགས་སུ་གྱེས་ནི་དེ་གིས་ཨིནམ་འོང་ནི་མས།
ཤ་ནའི་གོས་ཅན་དང་ཉི་མ་གུང་པ་གཉིས་ཆ་ར་ཀུན་དགའ་བོའི་སློབ་མ་ཨིན་པའི་ཁར་
ཉིན་མའི་གུང་པ་གིས་ཁ་ཆེའི་གཡུས་ཁར་བསྟན་པ་སྤེལ་ཡོདཔ་ལས་ ཤ་ནའི་གོས་ཅན་གྱི་ཚབ་ལུ་ཉི་མ་གུང་པ་བཙུགས་ཏེ་བདུན་སྦེ་རྩི་ནི་དང་།
ཡང་ཅིན་དེ་གཉིས་ཆ་ར་རྩིས་ཏེ་གཏད་རབས་བརྒྱད་སྦེ་ཡང་རྩི་ནི་ཡོད། དེ་བཟུམ་གྱི་གཏད་རབས་བདུན་དང་བརྒྱད་རྩིས་ཚུལ་འདི་
གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་བརྒྱུད་པའི་བོད་ཀྱི་བཤད་སྲོལ་ཨིན།[1]ཤྲི་ལངྐའི་འཕགས་པ་གནས་བརྟན་སྡེ་པའི་བཤད་སྲོལ་ལྟར་དུ་འབད་བ་ཅིན།
གཏད་རབས་དང་པ་ཉེ་བར་འཁོར༼ཨུ་པ་ལི༽། དེ་ལས་རིམ་པ་བཞིན་དུ་དཱ་ས་ཀ། སོ་ན་ཀ། སིགྒ་པ། མཽ་གལ་གྱི་བུ་སྐར་རྒྱལ།(MoggaliputraTsisa)བཅས་ལྔ་སྦེ་བཤདཔ་ཨིན་མས།[2]
No comments:
Post a Comment