གནམ་སའི་གསང་བ་ཞེས་པའི་དེབ་ཀྱི་ནང་དོན་དཀར་ཆག་རགས་ཙམ།
སྔོན་དུ་འགྲོ་བའི་གཏམ།
དངོས་གཞི་འཇིག་རྟེན་གྱི་རྣམ་གཞག་ལ་དོན་ཚན་གསུམ་སྟེ།
༡༽སའི་གོ་ལའི་རྣམ་གཞག་དང་། ༢༽ནམ་མཁའི་གོ་ལའི་རྣམ་གཞག ༣༽ནང་བཅུད་ཀྱི་སེམས་ཅན་ཀྱི་གནས་དང་ཚེ་ཚད་ཀྱི་ཁྱད་པར་བཅས་སོ།།
༼༡༽
ས་བཅད་དང་པོ་སའི་གོ་ལའི་རྣམ་གཞག།
སའི་གོ་ལའི་རྟེན་གཞི་ཤེས་པའི་ཆེད་དུ་འོག་གཞི་རླུང་གི་དཀྱིལ་འཁོར།
རྩ་བའི་ཚིག་འགྲེལ།
དེ་ལས་འཕྲོས་པའི་སྟོང་གསུམ་གྱི་འཇིག་རྟེན།
སྟོང་གསུམ་གྱི་འཇིག་རྟེན་ལས་དགུ་ཚིག་སྐྱ་མོ།
ཆུའི་དཀྱིལ་འཁོར་བཤད་པ།
མཛོད་ནས་བཤད་པའི་ཆུའི་དཀྱིལ་འཁོར་ཀྱི་འགྲེལ་བཤད།
དེའི་དོན་གང་འདྲ་ཞིག་ལ་གོ་དགོས་པའི་སྐོར།
སའི་དཀྱིལ་འཁོར་དངོས་བཤད་པ།
ཨཱརྱ་བྷ་ཊའི་ལུགས་ཀྱི་སའི་དཀྱིལ་འཁོར།
བཤད་པ་དེ་དག་མཛོད་དང་སྦྱར་བའི་ཚུལ།
སའི་སྟེང་གྱི་རི་མཚོ་གླིང་བདུན་གྱི་རྣམ་གཞག།
དུས་འཁོར་ལུགས་ཀྱི་རི་མཚོ་གླིང་བདུན་བཤད་པ།
བཤད་པ་འདི་འདིར་སྔོན་རབས་ཀྱི་གཞུང་ལ་ཁུངས་གཏུགས་བྱེད་དགོས་པའི་རྒྱུ་མཚན།
སྔོན་རབས་གཞུང་ཆེན་བརྒྱུད་ནས་གླིང་ཆེན་བདུན་བཤད་པ།
ད་ལྟའི་གླིང་ཆེན་བདུན་གྱི་ངོ་སྤྲོད་ས་གཤིས་རིག་པ་བརྒྱུད་ནས་བཤད་པ།
འཛམ་བུའི་གླིང་གི་ངོ་སྤྲོད།
སྔོན་རབས་བརྒྱུད་ནས་འཛམ་བུའི་གླིང་གི་ངོ་སྤྲོད་བཤད་པ།
རོལ་པའི་མཚོ་བདུན་བཤད་པ།
མཛོད་ནས་ཇི་ལྟར་གསུངས་ཚུལ།
རོལ་མཚོ་བདུན་པོ་དེ་དག་གི་ངོ་སྤྲོད་དང་འབྲེལ་བའི་དོགས་དཔྱོད།
གསེར་གྱི་རི་བདུན་བཤད་པ།
མཛོད་ནས་ཇི་ལྟར་གསུངས་པ་དང༌།
སྔོན་རབས་ནས་ཇི་ལྟར་གསུངས་པའི་ཚུལ།
དེའི་དོགས་དཔྱོད་དང་རེའུ་མིག།
གོང་དུ་བཤད་པ་དེ་དག་དུས་འཁོར་དང་སྦྱར་བ།
རིའི་རྒྱལ་པོ་རི་རབ་བཤད་པ།
ཐོག་མར་མཚམས་སྦྱོར།
དང་པོ་སྔོན་རབས་ནས་བཤད་པའི་རི་རབ།
སྔོན་རབས་ཀྱི་བཤད་པ་དངོས།
དེ་ནས་བཤད་པའི་རི་བོ་དག་གི་ངོས་འཛིན།
རི་རབ་ངོས་འཛིན་བྱེད་པ་ལ་ཉེ་བར་མཁོ་བའི་ཁ་འབབ་ཀྱི་ཆུ་ཆེན་བཞི།
བོད་ཀྱི་ཁ་བབས་ཀྱི་ཆུ་ཆེན་བཞི།
ཆུ་ཆེན་བཞི་ལས་སེང་གེ་ཁ་འབབ། རྟ་མཆོག་ཁ་འབབ།
རྨ་བྱ་ཁ་འབབ།
གླང་ཆེན་ཁ་འབབ།
མ་ཕམ་གཡུ་མཚོ་དང་འབྲེལ་བའི་རི་རབ་ཀྱི་མཐའ་མཁོར་གྱི་གནས་སྟངས་འགའ་ཞིག
ཆུ་ཆེན་བཞི་པོ་བརྒྱུད་ནས་རི་རབ་ངོས་འཛིན་བྱེད་ཚུལ།
དེ་དང་འབྲེལ་བའི་དོགས་གཞི།
རི་བོ་ཀཻ་ལ་ཤ་དང་རི་རབ་ཐ་དད་དུ་བཤད་པའི་རྒྱུ་མཚན།
དོགས་པ་ཇི་ལྟར་བྱུང་བའི་ཚུལ།
འདི་ཉིད་མཛོད་ལུགས་ཀྱི་རི་རབ་སྦྱར་བ།
དེའི་རྒྱུ་མཚན་ལ་ཐོག་མར་མཛོད་ནས་བཤད་པའི་ཆུ་ཆེན་བཞི།
ཆུ་ཆེན་བཞི་པོས་བྱེ་མ་འདྲེན་ཚུལ།
ཕྱོགས་ཀྱི་མཚོ་ཆེན་བཞི།
ད་ལྟ་དངོས་ཡོད་ཀྱི་མཚོ་ཆེན་བཞི་དང་མཛོད་ནས་བཤད་པའི་མཚོ་ཆེན་དག་གི་ཁ་དོགས་མི་མཐུན་པའི་དོགས་དཔྱོད་ཀྱི་དྲི་བ།
སྔོན་རབས་དང་མཛོད་ནས་བཤད་པའི་རི་རབ་ཀྱི་ཁྱད་ཆོས་མཐུན་ཚུལ།
སྔོན་རབས་དང་མཛོད་ཀྱི་འཇིག་རྟེན་འདྲ་བ་འོང་དགོས་པའི་རྒྱུ་མཚན་ལས་འཕྲོས་པའི་མཛོད་ཀྱི་བྱུང་རིམ།
མཛོད་ཀྱི་འཇིག་རྟེན་གྱི་བཤད་འདི་ནང་པ་རང་ལུགས་སུ་ཁས་ལན་རིགས་པའི་རྒྱུ་མཚན།
བར་སྐབས་ཀྱི་ཚིགས་བཅད་ཀྱི་སྒོ་ནས་མཇུག་བསྡུ་བ།
སྐར་རྩིས་རིག་པའི་ལུགས་ཀྱི་རི་རབ།
དེ་ལ་ཉེ་བར་འཁོ་བའི་འཕྲེད་ཐིག་དང་གཞུང་ཐིག་གི་སྐོར།
གནའ་བོའི་གཞུང་ཐིག་གི་ལྟེ་བ་འཕགས་རྒྱལ་ཡུལ་གྱི་སྐོར།
འཕྲེད་གཞུང་ཐིག་ཆེན་གསུམ་པོ་བརྒྱུད་ནས་རི་རབ་ཀྱི་ངོ་སྤྲོད།
དུས་འཁོར་ལུགས་ཀྱི་རི་རབ།
བཤད་པ་དངོས།
དེ་ཉིད་སའི་ཆ་ཤས་གང་དུ་གནས་པའི་ཚུལ་ཉི་མའི་བགྲོད་ལམ་བརྒྱུད་ནས་བརྩལ་བ།
དེ་ལས་འཕྲོས་པའི་ཤམ་བྷ་ལའི་སྐོར་དང་དེའི་དོགས་དཔྱོད་རྒྱས་པ།
འོན་ཀྱང་དཔལ་ལྡན་དུས་འཁོར་རྒྱུད་ལ་ཡིད་བརྟན་རུང་བའི་སྐོར་དང་ནང་དོན་བརྗོད་བྱ།
སློབ་དཔོན་པདྨའི་གསུངས་དུ་གྲགས་པའི་གསོལ་འདེབས་ལས་བྱུང་བའི་རི་རབ།
གསོལ་འདེབས་ཀྱི་ཚིག་དང་སྦྱར་བའི་བཤད་པ་དངོས།
དེ་ལས་འཕྲོས་པའི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་གྱི་དོགས་དཔྱོད་རྒྱས་པ།
དེ་དང་ལོ་རྒྱུས་བརྒྱུད་པའི་ཕྱོགས་བསྡོམས།
བར་སྐབས་ཚིགས་བཅད་ཀྱི་སྒོ་ནས་མཇུག་བསྡུ་བ།
གླིང་བཞིའི་སྐོར།
ཐོག་མར་མཛོད་དང་དུས་འཁོར་ནས་ཇི་ལྟར་གསུངས་པའི་ཚུལ།
དེ་ལ་ཉེ་བར་མཁོ་བའི་སྐར་རྩིས་རིག་པའི་ལུགས་ཀྱི་གླིང་བཞི་བཤད་པ།
སྐར་རྩིས་ནས་བཤད་པའི་གླིང་ཆེན་བཞི་པོའི་ངོ་སྤྲོད།
གླིང་ཆེན་བཞི་ལ་རང་མིང་དེ་ལྟར་ཐོགས་དགོས་པའི་རྒྱུ་མཚན།
གྲུབ་རྩིས་ཀྱི་གླིང་བཞི་དེ་དག་མཛོད་དང་སྦྱར་བ།
བཤད་པ་དངོས།
གྲུབ་རྩིས་དང་མཛོད་ནས་བཤད་པའི་གླིང་བཞི་གཅིག་པ་ཡིན་ནའང་མིང་མི་མཐུན་པའི་རྒྱུ་མཚན།
མཇུག་བསྡོམས་ཀྱི་ཚུལ་དུ་གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད་བཤད་དགོས་པའི་རྒྱུ་མཚན།
སའི་དུམ་བུ་བཅུ་གཉིས་ལ་དུས་སྦྱོར་བཅུ་གཉིས་འཆར་ཚུལ་གྱི་དཔེ་རིས།
བར་སྐབས་ཀྱི་ཚིགས་བཅད།
༼༢༽
ས་བཅད་གཉིས་པ་ནམ་མཁའི་གོ་ལ་བཤད་པ།
མཚམས་སྦྱར།
ནམ་མཁའི་གོ་ལའམ་སྟོང་གསུམ་འཇིག་རྟེན་འདི་ལ་རྒྱ་ཁྱོན་ཇི་ཙམ་ཞིག་ཡོད་པའི་སྐོར་གྲངས་བཅུའི་སྟོབས་ཀྱི་སྒོ་ནས་བཤད་པ།
ཡར་འཕར་གྱི་གྲངས་བཅུའི་སྟོབས།
མར་འགྲིབ་ཀྱི་གྲངས་བཅུའི་སྟོབས།
གནམ་གྱི་དགུ་ཚིགས།
རྒྱུ་སྐར་ཉེར་བརྒྱད།
སྐར་ཁྱིམ་བཅུ་གཉིས།
དགུ་ཚིགས་དང་ཉི་མའི་ཁྱིམ་བརྒྱུད།
རེས་གཟའ་བདུན།
ཉི་དཀྱིལ་ལྟེ་བའི་གྲུབ་མཐའ་དང༌། ས་གཞི་ལྟེ་བའི་གྲུབ་མཐའ་གཉིས་ཀྱི་སྐོར།
སྐར་རྩིས་རིག་པའི་གཟའ་བདུན་གྱི་གོ་རིམ།
གོ་རིམ་ཤེས་པ་ལ་ཉེ་བར་མཁོ་བའི་གཟའ་རྣམས་ཀྱི་ཉིན་ཞག་དཀྱིལ་འཁོར།
གཟའ་རྣམས་ཀྱི་ཉིན་ཞག་དཀྱིལ་འཁོར་དེ་དག་ཚན་རིག་དང་སྦྱར་བ།
ཉིན་ཞག་དཀྱིལ་འཁོར་དེ་དང་བསྟུན་པའི་གཟའི་གནས་ལུགས་ཀྱི་གོ་རིམ།
རེས་གཟའ་བདུན་གྱི་གོ་རིམ།
རེས་གཟའི་འབྲས་བུ་ལ་རྩ་ཆེན་བྱེད་མི་དགོས་པའི་རྒྱུ་མཚན།
ཉི་ཟླ་གཟའ་འཛིན།
གཟའ་འཛིན་གྱི་གནས་ཚུལ་མ་ཤེས་པའི་སྒྲུང་གཏམ།
གཟའ་འཛིན་གྱི་གནས་ཚུལ་ཤེས་པ་ལ་ཉེ་བར་མཁོ་བའི་གཟའི་བགྲོད་ཚུལ།
གཟའ་འཛིན་འོང་བའི་རྒྱུ་མཚན་ངོ་མ།
ཨཱརྱ་བྷ་ཊས་ཉི་ཟླ་གཟའ་འཛིན་གསལ་སྟོན་མཛད་པའི་སྐོར།
དཔལ་ལྡན་དུས་འཁོར་རྒྱུད་ལས་ཇི་ལྟར་གསུངས་པའི་ཚུལ།
དེ་ལ་ཉེ་བར་མཁོ་བའི་ངོ་སྤྲོད།
བསྡུས་རྒྱུད་ནས་གསུངས་པའི་གཟའ་འཛིན་གྱི་རྩ་ཚིག་དང་དེའི་དོགས་དཔྱོད།
རྩ་བའི་ཚིག་འགྲེལ་དངོས།
བར་སྐབས་ཀྱི་ཚིགས་བཅད་ཀྱི་སྒོ་ནས་མཇུག་བསྡུ་བ།
༼༣༽
ས་བཅད་གསུམ་པ་བཅུད་ཀྱི་སེམས་ཅན།
བཅུད་ཀྱི་སེམས་ཅན་གྱི་གནས་དང་ཚེ་ཚད་གཉིས་ལས་ཐོག་མར་ཚེ་ཚད་ཀྱི་སྐོར་དེ་མཛོད་དང་དུས་འཁོར་ལྷན་སྦྱར་གྱི་སྒོ་ནས་བཤད་པ།
འདོད་ལྷ་དྲུག
གཟུགས་ཁམས་གནས་རིགས་བཅུ་བདུན།
གཟུགས་མེད་སྐྱེ་མཆེད་མུ་བཞི།
ཚ་དམྱལ་བརྒྱད།
དུས་འཁོར་ལུགས་ཀྱི་དམྱལ་བ་བརྒྱད་དང་དེ་དག་གི་ཚེ་ཚད་ལོགས་སུ་བཤད་པ།
དུད་འགྲོ་དང་ཡི་དྭགས།
གྲང་དམྱལ་བརྒྱད།
གྲུབ་རྩིས་གཞུང་ནས་གསུངས་པའི་ཚེ་ཚད་ཀྱི་སྐོར།
ཚད་ཀྱི་རྣམ་གཞག་མི་འདྲ་བ་དགུ།
ཉིན་ཞག་ཁྱིམ་ཞག་ཚེས་ཞག་གསུམ་གྱི་རྣམ་གཞག
མིའི་ཉིན་ཞག་སུམ་ཅུ་ལ་གཤིན་པོ་དང་ཡི་དྭགས་ཀྱི་ཉིན་ཞག་གཅིག་ཡིན་པ།
མིའི་ལོ་གཅིག་ལ་ལྷ་དང་ལྷ་མ་ཡིན་གྱི་ཉིན་ཞག་གཅིག་ཡིན་པ།
ཚངས་པའི་ཉིན་ཞག་ངོ་སྤྲོད་བྱེད་པ་ལ་ཉེ་བར་མཁོ་བའི་དུས་བཞི་དང་ཡིད་ཀྱི་བར་མཚམས།
བསྐལ་པ་གཉིས་ལ་ཉིན་ཞག་གཅིག་ཡིན་པ་སྐྱེ་རྒུའི་བདག་པའམ་ཚངས་པའི་ཉིན་ཞག
སྐར་མ་ལ་ལྟོས་པའི་རྒྱུ་སྐར་གྱི་ཉིན་ཞག
སྐར་རྩིས་དང་ཚན་རིག་ཟུང་དུ་འབྲེལ་བའི་གཟའ་སྐར་གྱི་ཉིན་ཞག
གཟའ་སྐར་གྱི་ཉིན་ཞག་ལོའི་ཚོགས།
དེ་དག་ལས་ཐོག་མར་གཟའ་ལྷག་པའི་ཉིན་ཞག་དང་ལོ།
པ་སངས་ཀྱི་ཉིན་ཞག་དང་ལོ།
གཞན་རྣམས་རེའུ་མིག་གི་ཐོག་ནས་ཞུ་བ།
དཔལ་ལྡན་དུས་འཁོར་རྒྱུད་ནས་གསུངས་པའི་སྐྱེས་བུའི་ཉིན་ཞག་གི་རྣམ་གཞག
རྩ་བའི་ཚིག་དོན་རེའུ་མིག་གི་ཐོག་ནས་བཤད་པ།
བཅུད་ཀྱི་སེམས་ཅན་ལས་ལྷའི་གནས་རིགས་ཀྱི་དོགས་གཞི།
དེ་དག་གི་མཐའ་དཔྱོད་དང་སྒྲུང་གཏམ་གཞན་གྱི་མཚམས་སྦྱོར།
དོགས་གཞི་འདི་ལས་འཕྲོས་པའི་ལྷ་ཆེན་གསུམ་གྱི་བྱུང་རིམ་དང་འབྲེལ་བའི་ངོ་སྤྲོད།
དེ་ལ་བརྟེན་པའི་བསམ་གཏན་དང་པོའི་གནས་རིགས་གསུམ་གྱི་ངོ་སྤྲོད།
ལྷ་ཆེན་ཚངས་པ་ལས་འཕྲོས་པའི་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་ངོས་འཛིན།
འོན་ཀྱང་ནང་པའི་ཆོས་ལུགས་ནི་ལྷ་ཆེན་ཚངས་པ་མཆོད་འབུལ་བྱེད་པ་མིན་ཚུལ།
དེ་དག་ལས་འཕྲོས་པའི་སྒྲུང་གཏམ་དང་འབྲེལ་བའི་འགྲོ་བ་དྲུག་གི་ལོ་རྒྱུས།
ལྷ་དང་ལྷ་མ་ཡིན་གྱི་གནའ་བོའི་ལོ་རྒྱུས་དང་འབྲེལ་བའི་སྒྲུང་གཏམ།
ལྷ་མ་ཡིན་གྱི་ངོས་འཛིན་མི་འདྲ་བ་སྣ་ཚོགས།
ལྷ་དང་ལྷ་མིན་དམག་འཐབ་ཀྱི་འཁོན་གཞི་དཔག་བསམ་གྱི་ཤིང༌།
འགྲོ་བ་ལྷག་མ་གཞན་ལས་དམྱལ་བ།
ཡི་དྭགས་དང་ཀླུ།
དྲི་ཟ་དང་སྲིན་པོ།
མཇུག་སྡུད་ཀྱི་གཏམ་དང་། མཇུག་བྱང་སྨོན་ཚིགས་བཅས།
No comments:
Post a Comment