Wednesday, October 1, 2014

ནང་པའི་གྲུབ་མཐའ་བཞི།

ནང་པའི་གྲུབ་མཐའ་བཞི་གི་གོ་དོན།
དང་པ་རང་གྲུབ་མཐའ་ཟེར་མི་འདི་ དངོས་པོའི་གནས་ལུགས་ག་ཅི་ཨིན་མི་འདི་ བསམ་བློ་བཏང་ཞིནམ་ལས་རིགས་པའི་སྒྲུབ། རིགས་པ་དེ་ལས་གྲུབ་མི་འདི་མཐའ་འ་ནེམ་ཅིག་ཨིན་ཟེར་ཐག་བཅད་བཞག་མི་དེ་ལུ་གྲུབ་མཐའ་ཟེར་སླབ་ཨིན།  དེ་ལས་ནང་པའི་གྲུབ་མཐའ་འདི་ལུ་ བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་ཟེར་བཞི་ཡོད།


གྲུབ་མཐའ་བཞི་གི་བྱུང་རབས་ལས་བྱེ་བྲག་སྨྲ་བ།
སངས་རྒྱས་བསྟན་པ་རྒྱ་གར་དབུས་ལུ་དར་བའི་སྐབས་ལུ་གྲུབ་མཐའ་ཟེར་བའི་རྣམ་གཞག་མི་འདུག དེ་ལས་བསྟན་པ་རྒྱ་གར་ནུབ་བྱང་ཀཥྨིར་དང་གྷནྡ་ར་ལུ་དར་བའི་སྐབས་ལུ་ ཀཥྨིར་ལུ་ཡོད་མི་ཚུ་གིས་མངོན་པ་སྡེ་བདུན་ལ་སོགས་པའི་བསྟན་བཅོས་བརྩམས། དེ་ལས་བྱེ་བྲག་བཤད་མཛོད་ཆེན་མོའི་བསྟན་བཅོས་བརྩམས་ཞིནམ་ལས་ སློབ་སྦྱོང་དང་ཉམས་ལེན་གཙོ་བོ་བྱེ་བྲག་བཤད་མཛོད་ཆེན་མོའི་དགོངས་དོན་ལྟར་དུ་མཛད་མི་ལས་བརྟེན་ཏེ་ཀཥྨིར་གྱི་ཆོས་སྡེ་དེ་ལུ་བྱེ་བྲག་སྨྲ་བ་ཟེར་ཆགས་ནུག
མདོ་སྡེ་པ།
ཨིན་རུང་གྷནྡ་ར་ལུ་ཡོད་མི་ཚུ་གིས་ བསྟན་བཅོས་དེ་ཚུ་ཁས་ལེན་འབད་མ་བཏུབ་པར་། ཁོང་གི་སློབ་སྦྱོང་དང་ལག་ལེན་གཙོ་བོ་སྟོན་པ་བཅོམ་ལྡན་འདས་ཀྱི་མདོ་རྐྱངམ་གཅིག་ལུ་འབདཝ་ལས་བརྟེན་ཏེ་ གྷནྡ་ར་ལུ་ཡོད་མི་ཚུ་ལུ་མདོ་སྡེ་པ་ཟེར་ཆགས་ཡོདཔ་ཨིན་མས།
དབུ་མ་པ།
དེ་ལས་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་མཇུག་ཙམ་ལུ་ རྒྱ་གར་ལྷོ་ཕྱོགས་ལུ་བྱོན་མི་སློབ་དཔོན་ཀླུ་སྒྲུབ་ཀྱིས་ རྟག་ཆད་ཀྱི་མཐའ་དང་བྲལ་བའི་ལྟ་བ་བརྟེན་འབྱུང་གསར་གཏོད་མཛད་མི་ལས་བརྟེན་ཏེ་ ཀླུ་སྒྲུབ་ལས་བརྒྱུད་མི་དེ་ཚུ་ལུ་དབུ་མ་པ་ཟེར་སླབ་ཨིན་པས།
སེམས་ཙམ་པ།

དེ་ལས་དུས་རབས་ལྔ་པའི་ནང་གྷནྡ་ར་ལུ་བྱོན་མི་འཕགས་པ་ཐོགས་མེད་ཀྱིས་ ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་དང་། སེམས་ལས་བརྟེན་ཏེ་བྱུང་བྱུངམ་ཨིན་པའི་ལྟ་གྲུབ་དང་ཉམས་ལེན་གསར་གཏོད་མཛདཔ་ལས་བརྟེན་ཏེ་ སེམས་ཙམ་པ་ཟེར་མི་འདི་བྱུང་ནུག།

No comments: