Saturday, August 16, 2014

རྒྱ་ནག་ས་གླང་འབྲི་ཚུལ།

རྒྱ་ནག་ས་གླང་འབྲི་ཚུལ།
ཐོག་མར་གླང་གཟུགས་འབྲི་ཚུལ་ནི། །གང་ཤར་གན་ལོ་ལ་བལྟས་ནས། །ཕོ་ལོར་ཁ་གདངས་མཇུག་གཡོན་གཡོབ། །མོ་ལོར་ཁ་བཙུམ་མཇུག་གཡས་གཡོབ། །རྒྱ་ཟླ་དང་པོའི་ཚེ་གཅིག་གི། །ཡན་མན་ཞག་ལྔ་ཚུན་ཆད་དུ། །དཔྱིད་དབུགས་ཐོབ་གླང་རྫི་དེ། །གླང་དང་མཉམ་དུ་འབྲི་བར་བྱ། །དེ་ཡང་ཕོ་ལོར་གཡས་སུ་དང༌། 
མོ་ལོར་གཡོན་གྱི་ཕྱོགས་སུ་འོ། །ཞག་ལྔ་ཡན་ལ་གླང་གི་སྔོན། །ལྔ་མན་གླང་གི་རྗེས་ལ་འོ། །གནམ་ལོ་ར་བ་བཞི་ཤར་ན། །གླང་རྫི་རྒན་པོ་འབྲི་བྱ་ཞིང༌། །འབྲིང་བཞིར་དར་མའི་ཚུལ་དང་ནི། །ཐ་ཆུང་བྱིས་པའི་ཚུལ་དུ་འོ། །དབུ་ཐོབ་ཉིན་མོའི་ལུས་བརྟག་ནས། །གླང་རྫིའི་སྐྲ་དང་ལྷམ་ནི་འབྲི། །དེ་ཡང་སྐྲ་ཡི་ཟུར་ཕུད་གཉིས། །ས་ལ་གཉིས་ཀ་མགོ་བོར་བཅིང། །ལྕགས་ལ་གཉིས་ཀ་མདུན་དུ་དང༌། །ཤིང་ལ་གཉིས་ཀ་རྒྱབ་ཏུ་སྐྱུར། །ཆུ་ལ་གཡས་རྒྱབ་གཡོན་མདུན་དང༌། །མེ་ལ་དེ་གཉིས་མདུན་རྒྱབ་ལྡོག  །དེ་ནས་མཆིལ་ལྷམ་ཟུང་གཅིག་ནི། །ཆུ་ལ་གྱོན་ཅིང་མེ་ལ་མེད། །ལྕགས་ལ་གཡོན་གྱོན་གཡས་པ་དེའང༌། །གཡོན་གྱི་སྐེ་རགས་སྣེ་ལ་བཏགས། །ཤིང་ལ་གཡས་གྱོན་གཅིག་བཏགས་ཤིང༌། །ས་ལ་ཕུད་དེ་ལོགས་སུ་བཞག །ལྕགས་ཚན་ཡུ་རྒྱ་ལྕང་ལ། །ལྕགས་འབྲས་དཔྱིད་བུགས་ཐོབ་ཉིན་དེ། །ཐ་ཆུང་བཞི་ལ་དར་སྐུད་དང༌། །ར་བཞི་སྲོག་མ་འབྲིང་རས་བལ། །སྟེང་དུ་འབྲུག་གི་རིས་མོ་སྟེ། །མདུན་དང་ཐད་ཕྲང་འབྲི་སྲོལ་གཉིས༌། །གླང་འབྲུག་མང་ཉུང་དང་པོ་ཡི། །ཚེས་གཅིག་ནས་བཟུང་ལོ་རྟགས་ནི།  གླང་དང་འབྲུག་གི་བར་དུ་བགྲང༌། །གྲངས་དེ་སོ་སོའི་འོག་ཏུ་བཀོད། །དབུ་ཐོབ་ཉིན་མའི་སྲོག་ཁམས་དེས། །གླང་གི་སུག་བཞི་གླང་རྫིའི་མདོག། །སྲོག་དགྲས་གླང་རྫིའི་གོས་དང་ནི།  གོས་དགྲས་སྐེ་རགས་ཁ་དོག་མཚོན། །ལུས་དེས་ལྷམ་དང་སོ་དང་མཚུལ༌། །དབང་ཐང་གིས་ནི་ར་རྣ་མཇུག། །གནམ་ལོའི་སྲོག་དེས་གླང་གི་ལུས། །ལུས་ཀྱིས་འཕོ་བ་དབང་ཐང་མགོའོ། །འབྱུང་ཁམས་ཤིང་ལྗང་མེ་དམར་པོ། །ས་གསེར་ལྕགས་དཀར་ཆུ་ནག་པོའོ།།    །།
༢༢  ༢༠༠༥




No comments: