Monday, August 18, 2014

རིག་གཞུང་གླུ་དབྱངས།

རིག་གཞུང་གླུ་དབྱངས།
སེམས་ཀྱི་ཟབ་དོན་འགྲུབ་པའི་རྟེན་འབྲེལ་དང་། །ཆབ་སྲིད་ཁ་ལོ་བསྒྱུར་བའི་རྒྱལ་རབས་འདིས།།
རིག་པའི་གཞུང་ལུགས་འཛོམས་པ་སྐལ་དག་པའི། །རིག་གཞུང་མཐོ་རིམ་སློབ་གྲྭ་རྣམ་པར་རྒྱལ།།
དམ་པའི་ཡོན་ཏན་འབྱུང་བ་རིན་ཆེན་མཛོད། །སྲིད་ཞི་རྒྱལ་བློན་མ་ལུས་སྒྲུབ་པའི་སྡེ།།
ཡངས་པའི་རྒྱལ་ཁབ་ཀུན་གྱིས་མཐའ་ལ་རྫོགས། །རིག་གཞུང་མཐོ་རིམ་སློབ་གྲྭ་རྣམ་པར་རྒྱལ།།
ལུས་རྟེན་རྣམ་པར་དག་པའི་ན་གཞོན་གྱིས། །རྩ་གསུམ་ཞབས་ཏོག་ཞུ་བའི་ལྟ་བ་འཕེལ།།
རང་སྲིད་སྐྱོང་བའི་རང་དབང་དཔལ་རྒྱས་པའི། །རིག་གཞུང་མཐོ་རིམ་སློབ་གྲྭ་རྣམ་པར་རྒྱལ།།

No comments: