སྐད་ཡིག རྫོང་ཁ།
༈ ད་རེས་ འཛམ་བུའི་གླིང་གི་ཡང་ཐོག་ ཧི་མ་ལཱ་ཡའི་རི་རྒྱུད་ཀྱི་ལྟེ་བ། སློབ་དཔོན་པདྨས་བྱིན་གྱིས་བརླབས་ཤིང་། ཞབས་དྲུང་རིན་པོ་ཆེ་གིས་རྗེས་སུ་བཟུང་བའི་གནས་མཆོག་ སྨན་ལྗོངས་འབྲུག་གི་རྒྱལ་ཁབ་འདི་ནང་ལུ་ དབང་ཕྱུག་རྒྱུད་འཛིན་གྱི་རྒྱལ་པོ་རིམ་བྱོན་ཚུ་གིས་རྒྱལ་ཁམས་བདེ་བར་སྐྱོང་ནས་ མི་ལོ་བརྒྱ་དང་ལྔ་དང་། ལྷག་པར་དུ་ བསམ་བཞིན་འགྲོ་བ་སེམས་ཅན་གྱི་དོན་ལུ་བྱོན་པའི་ དཔལ་ མི་དབང་མངའ་བདག་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ སྤྲུལ་པའི་སྐུའི་རྣམ་པ་བཟུང་སྟེ་བྱོན་ཞིནམ་ལས་ ད་རེས་ཀྱི་ཉིནམ་འདི་ལུ་ རང་ལུགས་ལྟར་དུ་འབད་བ་ཅིན་དགུང་གྲངས་༣༢་དང་། ཕྱི་ལུགས་ལྟར་འབད་བ་ཅིན་དགུང་གྲངས་༣༡བཞེས་པའི་སྐུའི་འཁྲུངས་སྐར་དུས་ཆེན་འདི་ནང་ལུ། ང་བཅས་རིག་གཞུང་སློབ་གྲྭའི་གཉེན་ཚན་ག་ར་ མ་བསྐུལ་དང་བླངས་ཀྱི་སྒོ་ལས་ ནཱ་ལུ་བྱོན་གནང་མི་འདི་ལུ་ བུམོ་རང་གི་ཁ་ཐུག་ལས་ དང་པ་རང་བྱོན་པ་ལེགས་སོ་དང་བཀྲ་ཤིས་བདེ་ལེགས་ཞུ་ནི་དང་འབྲེལ་ཏེ། ང་བཅས་རིག་གཞུང་སློབ་གྲྭ་གི་འབྲེལ་ཡོད་སློབ་དཔོན་དང་སློབ་ཕྲུག་ ལས་བྱེད་ཡོངས་ཀྱི་ཁ་ཐུག་ལས་ མངའ་བདག་རྒྱལ་པོའི་འཁྲུངས་སྐར་དུས་ཆེན་བརྩི་སྲུང་ཞུ་ནི་གི་གོ་སྐབས་ འདི་བཟུམ་འཐོབ་མི་འདི་ལུ་ ག་ནི་བ་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན།

མ་གཞི་
བཀའ་དྲིན་ཅན་གྱི་མི་དབང་མངའ་བདག་རྒྱལ་པོ་
འབྲུག་རྒྱལ་ལྔ་པ་༧དཔལ་མི་དབང་འཇིག་མེད་རྣམ་རྒྱལ་དབང་ཕྱུག་གི་མཛད་རྣམ་དེ་ཚུ་ ད་རེས་ནཱ་ལུ་བྱོན་མི་མཁྱེན་ལྡན་ཡོངས་ཀྱིས་
མ་མཁྱེནམ་ཅིག་ག་ནི་ཡང་མེད། ཨིན་རུང་། འཕགས་པ་ཀླུ་སྒྲུབ་མཆོག་གི་ཞལ་ལས། རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི།
།ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱི་ལགས།། ཟེར་གསུངས་དོ་བཟུམ་སྦེ་
མཁྱེན་ལྡན་ཡོངས་ལུ་ཐུགས་ཀྱི་དྲན་གསོ་བཟུམ་ཅིག་སྦེ་ཞུ་བ་ཅིན།
འབྲུག་རྒྱལ་ལྔ་པ་དཔལ་མི་དབང་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་ནི། ཡབ་ཆེན་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དང་།
ཡུམ་ཆེན་རྒྱལ་བཙུན་ཨ་ཞེ་ཚེ་རིང་གཡང་སྒྲོན་གཉིས་ཀྱི་སྲས་སྦེ།
རང་ལུགས་གནམ་ལོ་ལྕགས་ཕོ་སྤྲེལ་ལོ་
སྤྱི་ལོ་༡༩༨༠སྤྱི་ཟླ་༢པའི་སྤྱི་ཚེས་༢༡གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིནམ་ལུ།
བསམ་བཞིན་འགྲོ་བའི་དོན་ལུ་སྐུ་འཁྲུངས་ནུག་ཟེར་ཞུ་ནི་དང་། སྐུ་ན་ཆུང་ཀུའི་སྒང་ལས་
ནང་གི་བསམ་པའི་མཁྱེན་རྒྱ་གཞན་དང་མ་འདྲཝ་སྦེ་ཡོད་རུང་། ཕྱི་ཁ་ལྟར་སྣང་ལུ་
འབྲུག་པའི་ཨ་ལོ་ཀུན་དང་མཐུནམ་སྦེ་ གཞི་རིམ་གྱི་སློབ་སྦྱོང་དེ་ཚུ་སློབ་གྲྭ་ནང་ལུ་བྱོན་ཏེ་གཟིགསཔ་མ་ཚད།
རང་ལུགས་སྔར་སྲོལ་ལམ་ལུགས་ཀྱི་འཆམ་དང་ཞབས་བྲོ།
སྒྲིག་ལམ་རྣམ་གཞག་དང་ཀུན་སློང་ཀུན་སྤྱོད་དེ་ཚུ་ཡང་ གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཚུ་ལས་མཐར་འཁྱོལཔ་སྦེ་སྦྱང་བརྩོན་གནང་པའི་ཤུལ་ལུ།
མཐོ་རིམ་གྱི་སློབ་སྦྱོང་དེ་ཚུ་ ཕྱི་རྒྱལ་ལན་ཌོན་དང་
ཨེ་མི་རི་ཀ་ལུ་བྱོན་ཏེ་སྦྱང་བརྕོན་གནང་པའི་ཞོ་ཁར་
ལས་སྡེ་མངས་རབས་ཅིག་གི་ཚོགས་གཙོ་གི་ཐུགས་འགན་ཡང་བཞེས་ཏེ་ཕྱག་ལཱ་ལེ་ཤ་མཛད་ནུག།
དེ་ལས་རང་ཡུལ་སྐྱིད་པའི་ལུང་པར་ལོག་སྟེ་བྱོན་ཞིནམ་ལས་
ཕན་ཐོགས་ཅན་གྱི་ཕྱག་ལཱ་ལེ་ཤ་མཛད་པའི་ནང་ལས་དང་པ་འདི་
རྩི་མ་གཤམ་ལུ་ཨ་ལོའི་ཉམས་གསོ་ལྟེ་བ་ཅིག་གཙུགས་གནང་མི་འདི་ཨིནམ་དང་།
ལྟེ་བ་འདི་གིས་ཨ་ལོ་ན་གཞོན་ཚུ་ལུ་ཕན་ཐོགས་སྦོམ་སྦེ་རང་བྱུང་སྟེ་ཡོད། དེ་ལས་ཕྱི་རྒྱལ་ཡུལ་གྲུ་ཁག་ལུ་གཞུང་དོན་གཟིགས་སྐོར་བྱོན་པའི་ནང་ལས་དང་པ་རང་
སྤྱི་ལོ་༢༠༠༢ལུ་རྒྱ་གར་དིལླི་ལུ་བྱོན་ཞིནམ་ལས་
རྒྱ་འབྲུག་གཉིས་ཀྱི་མཐུན་འབྲེལ་གྱི་སྐོར་ལས་གསུངས་གྲོས་གནངམ་མ་ཚད།
ཤུལ་ལས་སྤྱི་ལོ་༢༠༠༣་ལུ་རྒྱ་འབྲུག་གཉིས་ཀྱི་མཐུན་འབྲེལ་འཆིང་ཡིག་གུར་མཚན་རྟགས་བཀོད་དེ་གནང་མི་དེ་གིས་
རྒྱ་འབྲུག་གཉིས་ཀྱི་མཐུན་འབྲེལ་སྔར་ལས་དམ་ཟབ་སོང་སྟེ་ཡོད་ཟེར་ཞུ་ནི་ཨིན།
དེ་ལས་རྒྱལ་སྲས་མཆོག་
སྐུ་ན་གསོན་ཏེ་གཞུང་གི་ཕྱག་ལཱ་མཛད་ནི་གི་དུས་སྐབས་ལུ་བབས་ཏེ་ཡོདཔ་ལས་ ཡབ་ཆེན་མི་དབང་འབྲུག་རྒྱལ་བཞི་པ་མཆོག་ལས་
སྤྱི་ལོ་༢༠༠༢སྤྱི་ཟླ་༦པའི་སྤྱི་ཚེས་༢༥ལུ་འབུ་རས་དམར་པོའི་གོ་གནས་བཞེས་ནི་དང་།
དེ་གི་ཤུལ་ལས་སྤྱི་ལོ་༢༠༠༣སྤྱི་ཟླ༡༠པའི་སྤྱི་ཚེས་༣༡ལུ་དཀྲོང་ས་ཆོས་རྩེ་དཔོན་སློབ་ཀྱི་གོ་གནས་བཞེས་ནུག
དེ་ལས་མི་དབང་རྒྱལ་སྲས་མཆོག་རང་ལུགས་དཔལ་ལྡན་འབྲུག་པའི་སྔར་སྲོལ་ལམ་ལུགས་ཀྱི་བདག་རྐྱེན་གོ་གནས་དེ་ཚུ་རིམ་པར་བཞེས་པའི་ཤུལ་ལུ།
མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་སྤྱི་ལོ་༢༠༠༦སྤྱི་ཟླ་༡༢པའི་སྤྱི་ཚེས༩ལུ་ གནང་པའི་བཀའ་ཤོག་གི་ནང་དོན་ལྟར་དུ།
སྤྱི་ལོ་༢༠༠༨སྤྱི་ཟླ་ པའི་སྤྱི་ཚེས་ ལུ་
འབྲུག་མི་ཡོངས་ཀྱི་དགའ་དད་སྤྲོ་གསུམ་གྱི་སྒོ་ལས་
རྒྱལ་སྲས་མཆོག་འབྲུག་རྒྱལ་ལྔ་པའི་གསེར་ཁྲི་ལུ་ ཕེབས་སུ་ཞུ་ཡི།
༧དཔལ་མི་དབང་མངའ་བདག་འཇིགས་མེད་རྣམ་རྒྱལ་དབང་ཕྱུག་མཆོག་
གསེར་ཁྲི་གུར་ཕེབས་ཞིནམ་ལས་ཚུར་ ཁ་ཞེ་གཉིས་མེད་ཀྱི་སྒོ་ལས་
རྒྱལ་ཁབ་ཀྱི་མཐའ་དོན་ཁོ་ན་ལུ་གཟིགས་ཏེ་གཞུང་གི་ཕྱག་ལཱ་མངས་རབས་ཅིག་མཛད་པ་གིས་མ་ཚད།
རྒྱལ་ཁབ་ཀྱི་མི་སེར་ཉམ་ཐག་ཚུ་ལུ་གཟིགས་ཏེ་མི་སེར་གུང་པ་སྟོང་ཕྲག་༣༦་དེས་ཅིག་ལུ་
ས་ཆ་ཨེ་ཀར་སྟོང་ཕྲག་བཞི་བཅུ་ཞེ་གཅིག་ལྷགཔ་ཅིག་དང་།
དགོས་མཁོ་ཅན་གྱི་ཅ་རྣམ་གཞན་དང་གཞན་གྱི་སྐྱིད་སྡུག་ཡང་ལེ་ཤ་ཅིག་རང་གནང་སྟེ་
ཉམ་ཐག་ཚུ་ལུ་ཕན་ཐོགས་སྦོམ་རང་བྱུང་སྟེ་ཡོད།
དེ་ལས་ཕྲལ་ཕྲལ་འབད་རང་
རྒྱལ་པོའི་གླིང་ཀ་ནང་ ཞི་གཡོགཔ་ཚུ་དང་མཇལ་ཕྲད་གནང་སྟེ་ ཞི་གཡོག་པའི་གནས་སྟངས་དང་མ་འོངས་རྒྱལ་ཁབ་ཀྱི་མཐའ་དོན་ཚུ་གི་སྐོར་ལས་གསུང་གྲོས་གནང་སྟེ་
ད་ལྟོ་དང་མ་འོངས་འབྱུང་འགྱུར་གྱི་དཀའ་ངལ་དེ་ཚུ་བསལ་ནི་གི་ཕྱག་ལཱ་གནང་སྟེ་རང་བཞུགས་ཡོད་ཟེར་ཞུ་ནི་ཨིན།
ད་མཇུག་རང་
དེ་བཟུམ་གྱི་བཀའ་དྲིན་ཅན་གྱི་མི་དབང་རྒྱལ་པོ་མཆོག་སྐུ་ཚད་བྲག་ལས་བརྟན་ནི་དང་།
རྒྱལ་བརྒྱུད་ཆུ་ལས་རིང་བཅུག་ཟེར་བའི་སྨོན་ལམ་ཞུ་ནི་དང་ཅིག་ཁར།
ཞུ་ཤེསཔ་ཅིག་ག་ནི་ཡང་མེད་རུང་ དད་པ་དང་མོས་གུས་ཀྱི་སྒོ་ལས་
ས་བཅད་མ་སྟོང་ཙམ་གྱི་ཚུལ་དུ་
མི་དབང་རྒྱལ་པོའི་རྣམ་ཐར་མདོར་བསྡུས་ཅིག་ཞུ་མི་འདི་ལུ་
སྙན་གྱི་དབང་པོ་མ་ཡེངས་པར་གསན་འཇོག་གནང་མི་ཡོངས་ལུ་ ང་རང་གི་ཁ་ཐུག་ལས་ག་ནི་བ་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན།།
No comments:
Post a Comment