གལ་ཆེ་བའི་མིང་ཚིག་ཚུ་གི་ངོ་སྤྲོད་དང་དོགས་དཔྱོད།
སྐད་ཡིག རྫོང་ཁ།
A.D
|
Anno Domini (Latin
phrase, meaning “in the year of our Lord,” )
|
ཡི་ཤུ་མ་ཤི་ཀའི་འཁྲུངས་ལོ།
|
B.C
|
Before Christ
|
ཡི་ཤུའི་སྔོན་གྱི་ལོ།
|
C.E
|
Common Era
|
སྤྱི་ལོ།
|
B.C.E
|
Before Common Era
|
སྤྱི་ལོའི་སྔོན་གྱི་ལོ།
|
Millennium
|
Thousand Year
|
སྟོང་ཚོགས། ༼ལོ་ངོ་སྟོང་གཅིག༽
|
Century
|
Hundred Year
|
དུས་རབས། ༼ལོ་ངོ་བརྒྱ།༽
|
རབ་བྱུང་།
|
སྤྱི་ལོ་༡༠༢༧ལས་མར་འགོ་བཙུགས་པའི་ལོ་ངོ་དྲུག་ཅུ་རེའི་མིང་།
|
|
ཟད་པ།
|
སྤྱི་ལོ་༡༠༢༦ཡན་ཆད་ཀྱི་ལོ་ངོ་དྲུག་ཅུ་རེའི་མིང་།
|
ཌའི་ནོ་སི་ཡསི་(Dionysius Exiguus)གི་ཟླ་ཐོ་ལམ་ལུགས་བྱུང་ཚུལ།
དོན་ངོ་མ་ལུ་ཡི་ཤུའི་སྟོན་པ་འཁྲུངས་པའི་ལོ་ལས་འགོ་བཙུགས་ཏེ་ལོ་ངོ་རེ་རེ་ལུ་
ཨེ་ཌི་དང་པ་ དང་ ཨེ་ཌི་གཉིས་པ་ཟེར་མར་བརྩི་ནི་དང་། དེ་གི་ཧེ་མ་གི་ལོ་དེ་ཚུ་ལུ་ འབི་སི་དང་པ་ དང་ འབི་སི་གཉིས་པ་ ཟེར་ཡར་ལོག་སྟེ་བརྩི་བའི་ཟླ་ཐོ་ལམ་ལུགས་འདི་
རོ་མན་ཀེ་ཐོ་ལིག་གི་ཡི་ཤུའི་རྩིས་པ་ཌའི་ནོ་སི་ཡསི་ ཨེག་ཛི་གུའིས་་(Dionysius Exiguus)
ཟེར་ཞུ་མི་དེ་གིས་སྤྱི་ལོ་༥༢༥ལུ་(525 C.E) གསར་གཏོད་མཛད་གནང་གནངམ་ཨིན་མས།
དེ་གི་ཧེ་མ་འབད་བ་ཅིན་ལོ་གི་གྱངས་ཁ་དེ་ཚུ་ལོ་ངོ་རང་རང་སོ་སོ་གི་མིང་གི་ཐོག་ལས་བརྩི་ནི་
༼དཔེ་འབད་བ་ཅིན། སྟག་གི་ལོ་དང་འབྲུག་གི་ལོ་ཟེར་སླབ་དོ་བཟུམ།༽ མ་གཏོགས་
ཨང་གྲངས་ཀྱི་ཐོག་ལས་བརྩི་སྲོལ་མེདཔ་ཨིན་མས།
ཁོ་གིས་ཨང་གྲངས་ཀྱི་ཐོག་ལས་བརྩི་སྲོལ་འགོ་བཙུགས་ནི་དེ་གིས་ལོ་གྲངས་བརྩི་ནི་ལུ་ཁེ་ཕན་སྦོམ་རང་བྱུང་ནུག
ཨིན་རུང་ལོ་རྒྱུ་དང་མ་མཐུན་པའི་སྟབས་མ་བདེཝ་ཆུང་ཀུ་ཅིག་ཡོད་མི་འདི།
ཁོ་གིས་འབད་བ་ཅིན་ཡི་ཤུའི་སྟོན་པ་དེ་སྤྱི་ལོ་དང་པའམ། ཨེ་ཌེ་དང་པའི་ནང་འཁྲུངས་འཁྲུངསམ་སྦེ་བཞག་ཡོད་རུང་།
རྒྱལ་རབས་ལོ་རྒྱུ་དང་འཁྲིལ་བ་ཅིན་འཁྲུངས་ལོ་དང་ལོ་གྲངས་དེ་གི་བར་ན་ལོ་ངོ་བཞི་དེ་ཅིག་གི་ཁྱད་པར་ཤོར་སོང་ནུག་ཟེར་ཨིན་མས།
དེ་ཡང་ག་དེ་སྦེ་ཨིན་ན་ཟེར་བ་ཅིན། ཡི་ཤུའི་ཞལ་ཆེམས་ནང་(Bible)ལུ། མེ་ཐིའུ་ (Matthew) གིས་བཤད་དོ་བཟུམ་འབད་བ་ཅིན།
སྟོན་པ་འཁྲུངས་པའི་སྐབས་སུ་རྒྱལ་པོ་ཧི་རོཌ་
(Herod) ཞལ་བཞུགས་ཡོདཔ་དང་།[1]
རྒྱལ་པོ་ཧི་རོཌ་གིས་ཡི་ཤུ་འཁྲུངས་པའི་སྐབས་ལུ་བདག་འཛིན་འཐབ་ནི་ལུ་འབྲེལ་བ་ཡོད་པའི་མི་དེ་ཚུ་བསད་ནི་གི་བཀའ་གནང་ཡོད་པའི་སྐོར་ལས་བཤད་དོ་ཡོདཔ་ཨིན་པས།[2]
དེ་བཟུམ་སྦེ་ལིའུག་ (Luke) གིས་བཤད་དོ་བཟུམ་འབད་བ་ཅིན་རྒྱལ་པོ་ཧི་རོཌ་གི་སྐབས་ལུ་སྟོན་པ་ལྷུམས་སུ་ཞུགས་པར་བཤད་པ་དང་།[3]
ད་རུ་རྒྱལ་པོ་ཊི་བི་རི་ཨུས་སི་ཟར་ (Tiberius
Caesar) གྱི་ཁྲི་ལོ་བཅོ་ལྔ་པའི་སྐབས་ལུ་ཡི་ཤུ་དགུངས་ལོ་ཧ་ལམ་སུམ་ཅུ་བཞེས་ཡོདཔ་སྦེ་བཤད་ཡོདཔ་ཨིན་པས[4]།
དེ་ལས་རྒྱལ་རབས་ལོ་རྒྱུ་ལྟར་དུ་འབད་བ་ཅིན་རྒྱལ་པོ་ཧོ་རོཌ་ཟེར་མི་དེ་སྤྱི་ལོའི་སྔོན་གྱི་ལོ་ངོ་བཞི་པའི་
(4 B.C.E) ནང་བཤགས་སོངམ་སྦེ་ཐོན་ནི་ཡོདཔ་དང་།
རྒྱལ་པོ་ཊི་བི་རི་ཨུས་སི་ཟར་དེ་སྤྱི་ལོ་བཅུ་གཉིས་པའི་ནང་
(12 C.E) ལུ་ཁྲི་ཁར་བྱོན་ཡོདཔ་དང་། ཁོ་གི་ཁྲི་ལོ་བཅོ་ལྔ་པ་དེ་སྤྱི་ལོ་ཉི་ཤུ་རྩ་དྲུག་
(26 C.E) ལུ་ཕོག་ཡོདཔ་ལས། དེ་སྒང་ཡི་ཤུ་དགུངས་ལོ་སུམ་ཅུ་བཞེས་སྟེ་ཡོད་པ་ཅིན།
ཡི་ཤུའི་འཁྲུངས་ལོ་དེ་སྤྱི་ལོའི་སྔོན་གྱི་ལོ་ངོ་བཞི་པ་(4 B.C.E) དེ་ལུ་ཕོག་དགོཔ་ཨིན་ཟེར་ཨིན་མས།།
ཌའི་ནོ་སི་ཡསི་གི་ཟླ་ཐོ་ལམ་ལུགས་དར་ཁྱབ་བྱུང་ཚུལ།
༈
ག་དེ་སྦེ་ཨིན་རུང་ཁོ་གི་ཟླ་ཐོ་ལམ་སྲོལ་འདི་དར་ཁྱབ་ཅིག་འགྱོ་མ་ཚུགས་པར་ཡོད་མི་འདི་དུས་རབས་བརྒྱད་པའི་ནང་།
ཨིན་ཇི་ལུང་པའི་ཡི་ཤུའི་རྩོམ་པ་པོ་འབེ་འདི་(Bedi) ཟེར་མི་དེ་གིས་འབི་སི་(B.C)གི་རྣམ་གཞག་ཚུ་ཡང་གསལ་སྟོན་འབད་དེ་དར་ཁྱབ་བཏང་པའི་ཁར། དབང་ཤུགས་ཆེ་བའི་རྒྱལཔོ་དེ་ཚུ་གིས་ལག་ལེན་འཐབ་ལས་བརྟེན་ཏེ་ནུབ་ཕྱོགས་ཡུ་རོབ་རྒྱལ་ཁབ་ཚུ་ནང་ལམ་སྲོལ་འདི་རིམ་པ་བཞིན་དུ་དར་ཁྱབ་བྱུང་ནུག།
ཨིན་རུང་ཁོང་གི་ཟླ་ཐོ་ལམ་ལུགས་དེ་ནང་ལུ་ལོ་གཅིག་གི་རིང་ཚད་དེ་ཏག་ཏ་ཅིག་མེདཔ་ལས། ལོ་ངོ་བརྒྱ་ཕྲག་ལེ་ཤ་འགྱོ་བའི་ཤུལ་ལུ།
ཟླ་ཐོ་ནང་སོ་ཁའི་དུས་ཚོད་ཤར་ཏེ་ཡོད་རུང་། དུས་ཚོད་ངོ་མ་ནང་གནམ་དགུན་གྱི་དུས་ཚོད་མ་རྫོགས་པར་ལུས་དོ་ཡོདཔ་ཨིན་མས།
འགི་རི་འཇོ་རི་ཡན་གྱི་ཟླ་ཐོ་ལམ་ལུགས་བྱུང་ཚུལ་དང་དར་ཁྱབ་འགྱོ་ཚུལ།
(Gregorian Calender)
དེ་ལས་སྤྱི་ལོ་༡༥༨༢ཀྱི་ལོ་ལུ་ཡི་ཤུའི་བླ་ཆེན་
འགྱི་རི་འགོ་རི་བཅུ་གསུམ་པ་(Pope Gregory XIII)དེ་གིས་ཧེ་མའི་ཟླ་ཐོ་ལམ་ལུགས་དེ་ལུ་བསྒྱུར་བ་བཏང་སྟེ་ལམ་ལུགས་གསརཔ་ཅིག་བཟོ་མི་དེ་ནང་།
ལོ་གྲངས་དང་ཞག་གྲགས་བརྩི་ཚུལ་དེ་ཚུ་ ཌའི་ནོ་སི་ཡསི་ ཨེག་ཛི་གུའིས་་(Dionysius Exiguus)གི་ཟླ་ཐོ་ལམ་ལུགས་ལྟར་དུ་ཨིན་རུང་།
ལོ་འགོ་འཛིན་ཚུལ་དང་ལོ་གཅིག་གི་རིང་ཚད་དེ་ཚུ་འཇུ་ལི་ཡན་ཟླ་ཐོ་(Julian
Calender) ལུ་གཞི་བཞག་སྟེ་འགྱུར་བཅོས་བཏང་བཏངམ་ཨིན་མས།
རྒྱུ་མཚན་དེ་ལས་བརྟེན་ཏེ་ཟླ་ཐོ་ལམ་ལུགས་དེ་ལུ་འགི་རི་འཇོ་རི་ཡན་ཟླ་ཐོ་(Gregorian
Calender) ཟེར་སླབ་དོ་ཡོདཔ་དང་། དེ་ལས་འགོ་བཙུགས་ཏེ་ཟླ་ཐོ་ལམ་ལུགས་དེ་གི་མིང་ཡང་འགི་རི་འཇོ་རི་ཡན་ཟླ་ཐོ་ཟེར་ནུབ་ཕྱོགས་རྒྱལ་ཁབ་ནང་དར་ཁྱབ་ཡར་སོངམ་མ་ཟད་།
དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་ནང་ལུ་ནུབ་ཕྱོགས་ཡུ་རོབ་པའི་གཞིས་ཆགས་དང་ཚོང་འབྲེལ་གྱི་ལམ་ལུགས་འཛམ་གླིང་རྒྱལ་ཁབ་ག་ཏེ་ལུ་ཁྱབ་སྟེ་འགྱོ་བའི་སྐབས་ལུ།
རྒྱལ་ཁབ་གཞན་མི་ཚུ་ཡང་ཁོང་དང་འབྲེལ་བ་འཐབ་དགོ་ནི་དེ་གིས་ཁོང་གི་ཟླ་ཐོ་ལམ་ལུགས་དེ་འཛམ་གླིང་རྒྱལ་སྤྱིའི་ཟླ་ཐོ་བཟུམ་ཅིག་སྦེ་དར་ཁྱབ་འགྱོ་ནུག།
སི་ཨི་དང་ འབི་སི་ཨི་(C.E, B.C.E)གི་གོ་དོན།
༈ གཉིས་པ་ སི་ཨི་དང་
འབི་སི་ཨི་(C.E, B.C.E)གི་གོ་དོན་དང་ཁུངས་དང་དགོས་པའི་སྐོར་ལས་ཞུ་བ་ཅིན།
སི་ཨི་ཟེར་མི་འདི་ཀོ་མན་ཨི་ར་(C.E:- Comon Era)ཟེར་སྤྱི་ལོ་ཟེར་བའི་དོན་དང་།
འབི་སི་ཨི་ཟེར་མི་འདི་འབི་ཕོར་ཀོ་མན་ཨི་ར་(B.C.E:- Before
Comon Era)ཟེར་སྤྱི་ལོའི་སྔོན་གྱི་ལོ་ཟེར་བའི་དོན་ཨིན། སི་ཨི་དང་ཨེ་ཌི་གཉིསཔ་དེ་ལོའི་གྱངས་ཁ་བརྩི་ཚུལ་ལུ་ཁྱད་པར་མེད།
དཔེ་འབད་བ་ཅིན། ༢༠༡༣སི་ཨི་དང་༢༠༡༣ཨེ་ཌི་(2013 C.E / 2013 A.D) ཟེར་མི་གཉིསཔ་དེ་གི་ལོའི་གྱངས་ཁ་ལུ་ཁྱད་པར་མེད་དོ་བཟུམ་ཅིག་ཨིན།
དེ་འབདཝ་ད་ཨེ་ཌི་(A.D)ཟེར་འབྲི་བ་ཅིན། ཡི་ཤུའི་འཁྲུངས་ལོ་ཟེར་བའི་དོན་དང་། སི་ཨི་(C.E)ཟེར་འབྲི་བ་ཅིན་སྤྱི་ལོ་ཟེར་བའི་དོན་ཨིན།
དེ་བཟུམ་སྦེ་འབི་སི་ཨི་དང་འབི་སི་(B.C.E, B.C)གཉིསཔ་དེ་ལུ་ཡང་ལོ་གྲངས་གི་ཁྱད་པར་མེད་རུང་།
དོན་དག་ལུ་སྤྱི་ལོའི་སྔོན་དང་། ཡི་ཤུའི་སྔོན་ཟེར་བའི་ཁྱད་པར་ཡོད།།
ལོ་དེ་ལུ་དུས་འཁོར་གྱི་གཞུང་རྒྱ་གར་ནང་དརཝ་ཨིནམ་སྦེ་བཤད་ནི་དང་།
ལ་ལོ་གཅིག་གིས་འབད་བ་ཅིན། དུས་ཚོད་དེ་ལུ་དུས་འཁོར་བོད་ལུ་དརཝ་སྦེ་བཤདཔ་ཨིན་མས།
ག་ལས་བསྒོར་རུང་དུས་འཁོར་བསྡུས་རྒྱུད་ཁོ་རང་ནང་ལུ།
མེ་མཁའ་རྒྱ་མཚོ་༼༤༠༣༽རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་ཀླ་ཀློའི་ལོ་ནི་རབ་ཏུ་གྲུབ།
ཟེར་འདས་ལོའི་གྲངས་སུ་རབ་བྱུང་ལོ་ཐོན་ཡོདཔ་ལས་བརྟེན་ཏེ་བསྡུས་རྒྱུད་རྩོམ་པའི་སྐབས་ལུ་རབ་བྱུང་ལོ་འགོ་བཙུགས་ཏེ་ཡོདཔ་ཐག་ཆོད་ཨིན་མས།
No comments:
Post a Comment