Saturday, August 30, 2014

གནས་བཤད་རྣ་བའི་བདུད་རྩི།

གནས་བཤད་རྣ་བའི་བདུད་རྩི།

ལོ་རིམ་གསུམ་པའི་ལས་འགུལ།                            ཆོས་ཚན་རྩོམ་གཞུང་།
ཕུལ་མི།       འཇིགས་མེད་རྡོ་རྗེ།                          ལོ་རིམ་གསུམ་པ།
ཐིམ་ཕུག་རྒྱལ་ཡོངས་བཟོ་རིག་བཅུ་གསུམ་སྤེལ་ཁང་།
དམར་རྟགས་ཡོད་མི་ཚུ་ནོར་བཅོས་འབད་འབདཝ་ཨིན།
ཚེག་བར་དྲུག་མ། ༢   ༢   ༢
རྒྱལ་བ་ཀུན་གྱི་སྤྱི་གཟུགས། །ལྷ་གཅིག་ཨོ་རྒྱན་པདྨར། །སྙིང་ནས་དྲན་པའི་གདུང་བས། །ཡང་ཡང་གསོལ་བ་འདེབས་སོ། །སྔོན་བསགས་ བསོད་ནམས་མཐུ་ལས། །དལ་རྟེན་མི་ལུས་ཐོབ་རུང་། །ཕྱི་མ་ཐར་པ་ཐོབ་༼འཐོབ་༽པའི། །ལྷ་ཆོས་སྒྲུབ་ལོང་མ་བྱུང་། །ཚེ་འདིའི་ལྟོ་གོས་དོན་ལུ། །མི་དགེ་བཅུ་ལ་སྤྱད་ནས། །ཕྱི་མ་ངན་སོང་གསུམ་ལས༼མ་གཏོགས༽
འགྲོ་ས་ང་ལུ་མིན་༼མི་༽འདུག །ད་ནི་བགྲང་བྱའི་ཁུར་གྱིས། །གནོན་པའི་སྡུག་བསྔལ་མ་བཟོད། །ཚེ་མཇུག་དམ་པའི་ཆོས་དང་། །མཇལ་བའི་སྐྱབས་འཇུག་ཞུ་འོ། །མ་ཤེས་མ་རིག་དབང་གིས། །མི་དགེ་སྡིག་པ་བསགས་ཚད། །སྐྱབས་མཆོག་ཁྱེད་ཀྱི་མདུན་ལུ། །མི་འཆབ་མི་སྦེད་གཤགས་སོ། །ཕྱིན་ཆད་སྡིག་པའི་ལཱ་༼ལས་རྣམས༽ཚུ། །རྩ་བ་ཉིད་ལས་སྤང་ནི༼སྟེ།༽། །གཞན་ཕན་རིན་ཆེན་སེམས་བསྐྱེད། །ཀུན་གྱི་རྒྱུད་ལུ་འཁྲུངས་ཤོག།
༼ཆོས་སྐད་དང་རྫོང་ཁ་སླ་བསྲེས་འདུག༽

ཚེག་བར་བདུན་མ།  ༡    ༢    ༢    ༢ །
གནས་རྩ་ཅན་སེང་གེ་རྫོང་ཆེན། །ལྷ་ཨོ་རྒྱན་གུ་རུའི་སྦས་གནས། །མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། །སྐུ་འཇའ་ལུས་གྲུབ་པའི་བསྟི་གནས། །མཇུག་མ་འོངས་སྐལ་ལྡན་དོན་ལུ། །གཏེར་སྣ་ཚོགས་སྦས་པའི་གནས་མཆོག །མཚན་རྣ་བར་ཐོས་པ་ཙམ་གྱིས། །ཡིད་དད་པའི་སྤུ་ལོང་གཡོཝ་མས། །དེར་ལན་ཅིག་ཕྱིན་པ་ཙམ་གྱིས། །རིགས་ངན་པའི་བཤན་པ་ཨིན་རུང་། །གནས་མ་དག་ངན་སོང་གསུམ་ལུ། །སྐྱེཝ་མི་ལེན་ཐག་ཆོད་གསུངས་ནུག །ལམ་འགྱོ་ས་ལྷུན་རྩེ་རྫོང་ལས། །རི་ནགས་ཚལ་རྫ་རོང་བརྒྱུད་དེ། །ཆུ་གཙང་ཆབ་སྔོན་མོ་གདའ་སྟེ། །ལམ་རྐང་ཐང་ཉིན་གསུམ་འགྱོཝ་ད། །བྲག་བྱིན་ཅན་ཚུ་གྱིས་བསྐོར་ཏེ། །ཤིང་ལྗོན་པའི་འགྱིང་སྟབས་གཡོ་སར། །བྱ་འདབ་ཆགས་རི་དྭགས་སྣ་ཚོགས། །གླུ་སྙན་པའི་གསུང་དབྱངས་སྒྲོག་ས། །ཆུ་དལ་འགྲོ་ལྷུང་ལྷུང་འབབ་པ། །ཡར་ཡོན་ཆབ་ལྷ་ལུ་ཕུལ་འདྲ། །སྔོ་ཤིང་དང་མེ་ཏོག་སྨན་སྣ།།༼ཤིང་མེ་ཏོག་ལོ་མའི་སྨན་སྣ༽དུས་ནམ་རྒྱུན་སངས་མཆོད་ཕུལ་ས་། །ས་གར་གནས་ཀྱིས་གང་ཡོད། །ལས་སྐལ་བ་ཅན་གྱི་ཕོ་མོ། །གནས་དེ་ཚུ་མཇལ་བར་འབྱོན་ཤོག །
༢   ༡   ༢   ༢
དགའ་བའི་ས་འབྲུག་གི་རྒྱལ་ཁབ། ༼བཀྲ་ཤིས་པའི་སྨན་ལྗོངས་འབྲུག་ཡུལ།༽།སྐྱིད་ཉམས་དང་ལྡན་པ་ཡོད་དེ། །དགའ་སྐྱིད་དང་ལྡན་པའི་ཡུལ་དུ། །རྗེ་འབངས་རྣམས་ཐུགས་མཐུན་ཁྲིམས་གཙང། །གོང་འོག་གི་འདུ་ཤེས་བཟང་པོ། །ཕ་མེས་ཀྱི་བསྒང་རང་ཡོདཔ་ལས། །བློ་གཏད་དང་ཡིད་བརྟན་རུང་ཞིང་། །འབངས་འཁོར་ཀུན་༼ཡང་༽བདེ་སྐྱིད་ལྡན་སོང་། །འཕྲུལ་རིག་དང་གློག་མེའི་མཐུན་རྐྱེན། །ནམ་མཁའ་ཡི་སྐར་ལྟར་བཀྲ་བའི། །འོད་ཟེར་གྱིས་ཁྲོམས་ཀུན་ཁྱབ་པས། །ཉིན་མཚན་གྱི་སྣང་བ་ཡལ་སོང་། །ལེགས་བཤད་ཀྱི་སྒྲ་དབྱངས་སྙན་པོ། །མཁས་པ་ཚོས་རྒྱུན་དུ་སྒྲོགས་ཀྱང་། །རང་རྒྱུད་ནི་ཉོན་མོངས་ཀྱིས་བསླུས་པའི།༼རང་རྒྱུད་ནི་རྨོངས་པས་གང་བའི།།༽།མི་ལ་ནི་ཅུང་ཙམ་མ་ཕན། །གཟུགས་བྱད་དང་ཁ་བཤད་མཁས་ཀྱང་། །ལ་ལ་ནི་རང་རྒྱུད་གདུག་པ། །དུག་སྦྲུལ་གྱི་ལྕེ་ལྟར་གཡོ་བའི། །ངན་ལྷད་ཀྱིས་རང་གཞན་ཕུང་སོང་། །
༢   ༢   ༢   ༡
ཤར་ཕྱོགས་མོང་སྒར་ཞེས་པ་དེ། །སྔོན་དུས་གཞོང་སྒར་ཞེས་སུ་གྲགས། །ད་ལྟའང་རྫོང་ཤུལ་ལུང་པའི་མདར། །དངོས་སུ་མིག་གི་ལམ་དུ་གསལ། །དེ་ཡང་ལུང་པའི་ཉེ་འགྲམ་ནས། །ཅུང་ཟད་བསྐྱོད་པའི་རི་འབུར་སྟེང་། །ཐེ་ཚོམ་ངང་དུ་ཆགས་པས་ན། །མོང་སྒར་ཞེས་སུ་གྲགས་ཞེས་ཐོས། །ཨ་བརྒྱ་ཞེས་པའི་གནས་མཆོག་དེ། །མོང་སྒར་རྫོང་ནས་ཉིན་གཅིག་སར། །ནགས་ཚལ་སྟུག་པོས་བསྐོར་བའི་ནང་། །སྦས་པའི་ཙ་རི་གནས་ཆེན་དེ། །གྲུབ་ཐོབ་སྐར་མ་ཆགས་མེད་ཀྱིས། །གནས་སྒོ་ཕྱེ་ནས་རྩེ་སྐོར་དང་། །བར་སྐོར་ནང་སྐོར་གསུམ་དུ་དབྱེ། །རྡོ་ཡི་ངོས་ན་ཡིག་འབྲུ་མཆོག། །ཨ་བརྒྱ་ཡོད་པས་ཨ་བརྒྱར་གྲགས། །དེ་ནས་ཞི་ཁྲོ་ལྷ་ཚོགས་དང་། །དམྱལ་ཁམས་ལྕགས་ཀྱི་ཤལ་མ་རི། །སྔོན་བྱོན་མཁས་གྲུབ་དུ་མ་ཡིས། །གྲུབ་རྟགས་སྟོན་པའི་རྗེས་ཤུལ་མང་། །ཡ་མཚན་ཆེ་བའི་གནས་མཆོག་དེར། །ཕྱིན་པ་ཙམ་གྱིས་ངན་སོང་གྲོལ། །ཨྱོན་གུ་རུ་སྐུ་དངོས་ཀྱིས། །ཞབས་ཀྱིས་བཅགས་ནས་བྱིན་བརླབས་པའི། །གནས་བཟང་དེ་ནི་ཡ་མཚན་ཆེ། །
༢   ༢   ༡   ༢
ཀུར་སྟོད་དུང་དཀར་ཞེས་གྲགས་པ། །རྒྱལ་བརྒྱུད་རིམ་བྱོན་གྱི་གདན་ས། །དུང་དཀར་གཡས་འཁྱིལ་དང་འདྲ་བའི། །བཀྲ་ཤིས་བཀོད་ལེགས་ཀྱི་རི་བོ། །རིན་ཆེན་བུམ་པ་ཞེས་གྲགས་པའི། །བྱིན་རླབས་རྩ་ཅན་གྱི་གནས་མཆོག །སྨོན་ལམ་གང་བཏབ་ནི་འགྲུབ་པ། །ཡིད་གཉིས་ཐེ་ཚོམ་ནི་མེད་པ། །ཚེ་འདིར་ལན་ཐེངས་གཅིག་བསླེབས་ནས། །སྨོན་ལམ་གསོལ་བ་རེ་བཏབ་ན། །ཕྱི་མ་དག་པ་ཡི་ཞིང་དུ། །ཨོ་རྒྱན་པདྨ་དང་མཇལ་ནས། །སླར་ཡང་འཁོར་བ་ཡི་སྡུག་བསྔལ། །མི་མྱོང་ཐུགས་རྗེ་རེ་གཟིགས་མཛོད། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར། །ཐར་མེད་སྡུག་བསྔལ་ལ་འཇིགས་ན། །ད་ལྟ་རང་དབང་ཞིག་ཡོད་དུས། །དམ་པའི་ལྷ་ཆོས་ཤིག་མཛོད་གནང་། །
ཚེག་བར་བརྒྱད་མ།
༡   ༢   ༢   ༢  ༡
གནས་བཟང་པོ་སེང་གེ་རྫོང་ཆེན་དེ། །ཡུལ་མཁོ་མ་ཞེས་པའི་ལུང་པའི་སྟོད། །རི་རྒྱལ་བ་རིགས་ལྔས་བསྐོར་བའི་དབུས། །རྟེན་བྱིན་རླབས་ལྡན་པའི་གནས་བཟང་ཆགས། །ཤར་རི་བོ་མངོན་པར་དགའ་བའི་ཞིང་། །དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་བཞུགས། །འདི་མཇལ་བས་ཞེ་སྡང་རྣམ་པར་དག །རང་རྒྱུད་༼མི་རང་ལ་༽མེ་ལོང་ཡེ་ཤེས་འཆར། །ལྷོ་རི་བོ་དཔལ་ལྡན་མཛེས་པའི་ཞིང་། །དེར་ཡོན་ཏན་རིགས་ཀྱི་ལྷ་ཚོགས་བཞུགས། །འདི་མཇལ་བས་ཉོན་མོངས་ང་རྒྱལ་ཞི། །རང་རྒྱུད་ལ་མཉམ་ཉིད་ཡེ་ཤེས་འཆར། །ནུབ་ཕྱོགས་ཀྱི་རི་དེ་བདེ་ཆེན་ཞིང་། །དེར་པདྨ་རིགས་ཀྱི་ལྷ་ཚོགས་བཞུགས། །འདི་མཇལ་བས་འདོད་ཆགས་རང་སར་ཞི། །སོར་རྟོག་གི་ཡེ་ཤེས་ངང་གིས་འཆར། །བྱང་རི་བོ་ལས་རབ་རྫོགས་པའི་ཞིང་། །དེར་ཀརྨ་རིགས་ཀྱི་ལྷ་ཚོགས་བཞུགས། །འདི་མཇལ་བས་ཕྲག་དོག་རྣམ་པར་དག །བྱ་གྲུབ་ཀྱི་ཡེ་ཤེས་མངོན་པར་འཆར། །གནས་དེ་དབུས་རྣམ་པར་སྣང་མཛད་ཞིང་། །དེར་བུདྡྷ་རིགས་ཀྱི་ལྷ་ཚོགས་བཞུགས། །དེར་སླེབས་པ་ཙམ་གྱིས་གཏི་མུག་གི །སྒྲིབ་དག་ནས་ཆོས་དབྱིངས་ཡེ་ཤེས་འཆར། །
༢   ༢   ༢   ༢
སྨན་ལྗོངས་ཆོས་ལྡན་འབྲུག་གི་རྒྱལ་ཁབ། །སྔོན་དུས་ལྷོ་མོན་རྒྱལ་ཁབ་ཟེར་མི། །ལ་ལུང་རི་བྲག་ཆུ་ཆེན་སྒང་གཤོང་། །ས་གཞི་བཀོད་མཛེས་ལྷ་ཡུལ་འདྲ་བ། །སྟོད་ན་གངས་རི་དཀར་པོས་བསྐོར་བ། །སྨད་ན་གཙང་ཆབ་དལ་འགྲོའི་རྒྱུན་འབབ། །བར་ན་ལྷ་ཤིང་ལྗོན་པའི་གཞོན་ནུ། །ལྡེམ་ལྡེམ་རླུང་གིས་གཡོ་བའི་ཟློས་གར། །བར་ན་རྩི་ཤིང་སྨན་གྱི་གསེབ་ཏུ། །བྱ་དང་རི་དྭགས་རྩེ་བའི་ལྟད་མོ། །དངོས་སུ་མིག་གིས་བལྟ་བར་འདོད་ནས། །ཕྱི་མི་སྣ་ཚོགས་གནས་འདིར་སླེབས་སོང་། །སུམ་རྩེན་ལྷ་ཡི་ལྗོན་པར་འགྲན་པའི། །རོ་མཆོག་བརྒྱ་ལྡན་ཤིང་འབྲས་སྣ་ཚོགས། །སྡོང་པོའི་རྩེ་ན་ཚོམ་བུར་སྨིན་པ། །རྒྱུན་དུ་མཆོད་པ་ཕུལ་འདྲའི་ངོ་མཚར། །མ་བཏབ་ངང་གིས་སྐྱེས་པའི་སྔོ་སྨན། །དྲི་བསུང་སྤོས་ཀྱི་ངད་ལྡང་འཐུལ་བ། །ཁ་མདོག་དཀར་སེར་དམར་བའི་མདངས་ཀྱིས། །ས་གཞི་གསེར་གྱི་མདོག་ཏུ་གྱུར་ཡོད། །མ་བོས་རྐང་དྲུག་བུང་བའི་མགྲོན་པོ། །ཞིམ་མངར་སྦྲང་རྩིའི་རོ་ལ་རོལ་ནས། །སླར་ཡང་སྔོ་སངས་ནམ་མཁའི་དབྱིངས་སུ། །གླུ་དབྱངས་ལེན་ཞིང་ཕེབས་པ་ལེགས་སོ། །
༢  ༡   ༢   ༢   ༡
མ་བྲིས་ན་གནས་ཀྱི་ལོ་རྒྱུས་ཚུ། །མི་ཀུན་གྱིས་ཤེས་པར་ལཱ་ཁག་པས། །གནས་བཤད་འདི་ཚིག་ཉུང་དོན་རྒྱསཔ་སྦེ། །བཤད་མི་འདི་བཅོས་མིན་དྲང་གཏམ་ཨིན། །དོན་མེད་ཀྱི་ས་རྡོ་རི་བྲག་ལུ། །རང་བཟོ་དང་སྙན་ཚིག་བརྒྱན་བཙུགས་ཏེ། །རབ་བཏགས་དང་ཟོལ་བསྟོད་མ་ཡིན་ཏེ། །དཔལ་ལྡན་གྱི་རྒྱལ་ཁབ་འབྲུག་ཡུལ་འདི། །ས་ཕྱོགས་ཀུན་གུ་རུས་ཞབས་བཅགསཔ་ལས། །ཁྱད་འཕགས་གི་སྦས་ཡུལ་ངོ་མ་ཨིན། །ལས་ངན་གྱི་སེམས་ཅན་དེ་ཚུ་གིས། །ཞིང་ཁམས་ཀྱི་སྣང་བ་མཇལ་བར་དཀའ། །མཐོ་རིས་དང་ཐར་པ་དམྱལ་བ་གསུམ། །སྲིད་གསུམ་གྱི་གནས་ལས་གྲོལ་འདོད་ན། །ངོ་མཚར་བའི་གནས་བཟང་ཡོད་ཚད་ཚུ། །མཇལ་ནི་ལུ་བརྩོན་ཤུགས་མ་ཆུང་ལོ། །སྐྱེས་པའི་ཡུལ་ཐག་རིང་རྒྱབ་ལུ་སྐྱུར། །དབེན་པའི་གནས་གང་དུ་ཡོད་སར་མགྲིམ། །ཐོས་བསམ་དང་བསྒོམ་ལུ་མཐར་ཕྱིན་ན། །ཤིཝ་ད་ལུ་བློ་འགྱོད་རྩ་ལས་མེད། ། རང་ཡུལ་འདི་ཐག་རིང་རྒྱབ་ཏུ་སྐྱུར། །དབེན་གནས་དེ་གང་དུ་ཡོད་སར་འགྲིམ། །ཐོས་བསམ་དང་བསྒོམ་པ་མཐར་ཕྱིན་ན། །འཆི་དུས་ན་བློ་འགྱོད་རྩ་ནས་མེད།།༽
༡   ༢   ༢   ༡  ༢
མགོན་ཚེ་ཕུག་ཟེར་བའི་གནས་འདི་ཡང་། །ས་སྤུངས་ཐང་བདེ་ཆེན་གྱི་རྫོང་ལས། །ཡར་ཉིན་ཕྱེད་འགྲོ་བ་ཡི་ས་ཁར། །གནས་རྩ་ཅན་ཚེ་ཕུག་དེ་མཇལ་ཚུགས། །བྲག་མ་ར་ཏི་ཀ་དང་འདྲ་བའི། །ཚེ་སྒྲུབ་པ་འཐོབ་པར་གདོན་མི་ཟ། །དུས་སྙིགས་མའི་སེམས་ཅན་ཚེ་ཐུང་རྣམས། །གནས་མཇལ་བ་ཙམ་གྱིས་ཚེ་བསྲིང་ཟེར། །དཔལ་ཨོ་རྒྱན་ཆེན་པོ་ཡི་ཞལ་ནས། །ལས་སྐལ་བ་ལྡན་པའི་བུ་རང་འདྲར། །ཐུགས་མཁྱེན་པ་ནམ་མཁའ་ཡི་ཀློང་ལས། །ཞལ་འཛུམ་པའི་ངག་གིས་དེར་གསུངས་འདུག །རྡོ་ཕ་བོང་ཆེན་པོ་ཡི་ལོགས་ལུ། །རྗེ་གུ་རུའི་ཞབས་རྗེས་དང་མཁའ་གྲོའི། །བཞུགས་གནས་དང་གྲུབ་པ་རབ་ཐོབ་པའི། །ཤུལ་མངོན་སུམ་མཇལ་བའི་གནས་ངོ་མཚར། །དེར་སླེབས་པ་ཙམ་གྱིས་རང་ཚེ་ལ། །རྐྱེན་བར་ཆད་ཡོད་རྒུ་ཀུན་ཞི་ནས། །ཚེ་ལོ་བརྒྱ་ཐུབ་ཅིང་ཡང་སྟོན་བརྒྱ། །མཇལ་ཐུབ་ཅེས་ཨོ་རྒྱན་རྗེ་གུ་རུས། །ཞལ་ཐ་ཚིག་དང་བཅས་པར་གསུངས་འདུག།
ཚེག་བར་དགུ་མ། ༢  ༢  ༢  ༢  ༡
ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར། །རྣམ་རྟོག་མ་རིག་སྣ་ཚོགས་རྗེས་འབྲངས་ནས། །འཁོར་བའི་བཙོན་ཁང་ཆེ་ལས་མ་ཐར་ཡང་། །ད་ལྟ་མི་ལུས་རིན་ཆེན་ཐོབ་དུས་འདིར། །ཅིས་ཀྱང་ངན་སོང་གསུམ་གྱི་གནས་རིས་སུ། །སླར་ཡང་འཁྱམས་མི་དགོས་པའི་སྐྱབས་ཅིག་ཞུ། །ཆུང་ནས་རིག་པའི་གནས་ལ་སྦྱངས་པ་ཡིས། །དགེ་སྡིག་བླང་དོར་གནད་རྣམས་ཅུང་ཟད་རྟོགས། །ཡིན་ཀྱང་ལས་ངན་ཚབས་ཆེས་དགེ་བའི་བློ། །ཉིན་མོའི་སྐར་མ་ཙམ་ལས་སྐྱེས་མ་མྱོང་། །སྡིག་པའི་ལས་ཀྱི་རྣམ་སྨིན་བཟོད་དཀའ་ཡང་། །རང་དབང་མེད་པར་ལས་ངན་དབང་དུ་ཤོར། །ད་ནི་འདི་ལས་ཅི་ནས་བཟློག་ཐབས་ཤིག། དྲིན་ཆེན་རྩ་བའི་བླ་མས་གསུང་བར་ཞུ། །ལས་འབྲས་གཏན་ནས་བསླུ་བ་མི་སྲིད་པས། །རྒྱུ་འབྲས་ཞིབ་མོར་བྱེད་ལ་མཁས་པར་མཛོད། །

༼འབྲུག་པ་ཀུན་ལེགས་དང་འདྲ་བའི། །བསམ་གཏན་མི་མཐུན་ཕྱོགས་ང་གིས། །དོན་མེད་འཆལ་གཏམ་ཅིག་སྟོན་རུང་། །འབྲི་རྩོམ་དོན་ཅན་ལུ་བསྒྱུར་ནུག །སྦས་གནས་ཞིབ་འཚོལ་ལས་བྱུང་བའི། །གནས་བཤད་རང་བཞིན་གྱི་སྙན་ངག །རྣ་བར་ཧན་པ་གིས་མི་ཚད། །དོན་ཡང་ཟབ་པ་རང་འདུག་གོ། ཨིན་རུང་ཆོས་སྐད་དང་རྫོང་ཁ། །སླ་བསྲེས་དག་པ་ཅིག་འདུག་པ། །ཞུན་དག་མཐིལ་ཕྱིན་ཅིག་འབད་དེ། །དེབ་ཀྱི་ལོགས་ལུ་རང་འཕབ་གནང་།།༽

༣༤
༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌
༣༥
                                                  བཀའ་དྲིན་ཆེ།

No comments: